e-texts navigator
Collection
Volume
Page
Wylie

252a1 དྲུག་སྤྱད་དུ། ཧ་སྟི་ག་ད་བ་དཀནྡནཱ་མ། བོད་སྐད་དུ། གླང་པོར་བ་འབོག་གི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་དཔལ་རྡོ་རྗེ་འཆང་ཆེན་པོ་ལ་ཕྱུག་འཚལ་ལོ།། འདི་རྒྱུད་བདག་གིས་ཐོས་པའི་དུས་གཅིག་ན། པ་དེ་བཞིན་པའི་རྡོརྗེ
252a2 འཆང་ཆེན་པོ་དེ་ནི། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟར་གནས་པ།། རྒྱུད་དག་པའི་རྡོ་རྗེ་འཆང་ཆེན་པོ་དེ་ནི། ཉི་མའི་དཀྱིལ་འཁོར་ལྟར་དབྱེར་མེད་པ་རང་བཞིན་གྱིས་འོད་གསལ་བ། དབྱེར་མེད་གཅིག་ཏུ་གྱུར་པའི་རྡོ་རྗེ་འཆང་ཆེན་པོ་དེ་ནི། ནམ་མཁའ་རྣམ་པར་དག་པའི་ཀློང་ནས
252a3 ཉི་མ་སྤྲིན་དང་བྲལ་བ་ལྟ་བུ་སྟེ། རིག་པའི་གནས་མཆོག་སེན་པོ་ན། རང་སྡང་སྐུལ་པའི་གཞལ་ཡས་ཁང་ཆེན་པོ་ན། འདོད་པ་པདྨའི་གདན་ཆེན་པོ་རྒྱས་པ་ལ། མི་རྟོག་པའི་འཁོར་ལོ་ཆེན་པོ། བདེ་བ་ཆེན་པོ་པདྨའི་ནང་དུ། གསལ་བའི་རྡོ་རྗེ་ཆེན་པོ་བཞུགས་པ་ལ། འདས
252a4 པའི་འདོར་ཐམས་ཅད་མ་ལུས་པར་ཐིམ། ད་ལྟར་ཀྱི་འཁོར་ཐམས་ཅད་ལུས་པ་མེད་པར་རྫོགས། མ་འོངས་པའི་འཁོར་ཐམས་ཅད་མི་ལུས་པར་གྱུར་པའི་མངའ་དབང་རྫོགས་པར་བཞུགས་སོ།། ཉིད་ལས་མི་གཞན་པའི་འཁོར་ནི་འདི་ལྟ་སྟེ། འགྱུར་བ་མེད་པའི་རྡོ་རྗེས་མི་རྟོག་མཁྱེན་པ་དང
252a5 འཁོར་པོ་ཅན་པོ་རྣམ་པར་བརྗིད་པ་དང་། པདྨ་ཆེན་པོ་སྨྲ་བརྗོད་འབྱུང་བ་དང་། ཡིད་བཞིན་ནོར་བུ་འདོད་དགུར་བསྲུང་བ་དང་། གྱ་བྲམ་ཆེན་པོས་ཐོགས་མེད་མདོད་པ་དང་། བཙུན་པོ་འདུས་མ་བྱས་གོ་རྣལས་འབྱེད་པ་དང་། སྲ་བརྟན་མི་འགྱུར་བ་དང་། གསལ་བར་སྨོན་བྲལས
252a6 དང་། མཉེན་ཀྲུང་ཐུན་མ་ཆད་པ་དང་། གཡོ་བསྐྱོད་ཐོགས་མེད་པའི་ཚོགས་རྣམས་དང་། རིག་པ་ཁྱད་པར་ཅན་གྱི་འཁོར་རྣམས་འདི་ལྟ་སྟེ། བྱང་ཆུང་ཆེན་པོ་ཐུགས་སུ་ཆུད་པ། ཐུགས་ཀྱི་བདག་ཉིད་སྟངས་དབུལ་དང་བཅས་པ་དང་། གཽ་པ་སྤོང་པ་གསུང་གི་བདག་ཉིད་ཡབ་ཡུས
252a7 དང་བཅས་པ་རྣམས་དང་། ཐུགས་རྗེ་སྤྲུལ་པའི་འཁོར་ནི་འདི་ལྟ་སྟེ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་བདག་པོ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་དེད་དཔོན་དང་། ཚུལ་ཁྲིམས་ཅི་ཕ་རོལ་ཏུ་ཕྱིན་པའི་དབང་པོ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྒྱལ་པོ་དང་།




iiif viewer powered by OpenSeadragon

251b - 252b

Texts on this page

Gdg013.5 - glang po rab 'bog gi rgyud