e-texts navigator
Collection
Volume
Page
Wylie

251a1 མཚན་མ་མེད་པའི་སྒོ་ལྡན་ཏེ།། རྔ་སྐད་ཚིག་ལ་དད་མི་འགྱུར།། བདེན་གཉིས་བློ་དང་ལྡན་པ་དེས།། གཉིས་མེད་བློ་དང་ལྡན་པར་ཟད།། ཅིས་གསུངས་པས། འཁོར་རྣམས་རབ་ཏུ་དང་བསྐྱེས་ཏེ། འདུས་པའི་འཁོར་ཚོགས་རྣམས་མ་བཅོས་པའི་དེ་ཁོ་ན་ཉིད་ལ་གནས་ཤིང་། སེམས
251a2 ཅང་མི་སྨྲ་བར་འབོད་དོ།། དེ་ནས་བཅོམ་ལྡན་འདས་དཔའ་ཁྲག་འཟུང་གི་རྒྱལ་པོ་བཛྲ་སྤེ་ལ་ལས།། ཁྲོ་ལོགས་ཧེ་རུ། འི་ལུམ་དག་ཡིད་གསུམ་བྱིན་གྱིས་བརླབས་ཤིང་། དོན་བསྡུ་བར་དབང་བསྐུར་ནས། འདི་སྐད་ཅེས་བཀའ་སྩལ་ཏོ།། ཉོན་ཅིག་ཀཱན་ཏེ་དྲ་ཀ། ཉིད་མངོན་པར་སངས་རྒྱས་ནས།
251a3 མདོ་ཡི་དོན་ཉིད་བཤད་ཀྱི་བར།། མི་གཙེམ་དུ་ཡང་ངས་མ་བཤད།། ཐ་སྐད་ཚིག་ཀྱང་ངས་མ་བརྗོད།། བཤད་ཅིང་བརྗོད་པ་གང་ཡང་མེད།། གྱི་ནང་ཆོས་ཀུན་ཐམས་ཅད་ཀུན།། བཤད་ཅིང་བརྗོད་པ་རྣམས་དང་བྲལ།། བྷོག་བཅུ་དུས་བཞིའི་སངས་རྒྱས་ནི།། བཤད་ཅིང་བརྗོད་དང་བྲ
251a4 དོན།། ཐུགས་སུ་ཆུད་ནས་མངོན་སངས་རྒྱས།། རྫོགས་པའི་སངས་རྒྱས་དེ་ལས་བྱུང་།། དེ་བས་མ་འོངས་རྣལ་འབྱོར་ལ།། དོན་དུ་མདོ་ནི་མངོན་བསྡུས་ལ།། མི་ནུབ་པ་རུ་བྱ་བའི་ཕྱིར།། གསུང་མཆོག་ཆོས་ཀྱི་ཡི་གེར་ནི།། སྣང་ཞིང་མི་ནུབ་པརུ་གྱིས།། མ་ནོར་འཁོར་ལོའི་ལམ་འདི་ནི།། ཕྱི་མའི་རྣལ
251a5 འབྱོར་རྣམས་ཀྱིས་སྟོན།། དེ་དག་མནོར་ཁོང་དུ་ཆུད།། ཡེ་ཤེས་མཆོག་དེ་ཐོབ་པར་གྱིས།། མནོར་ལམ་ལ་བགྲོད་པར་གྱིས།། སེམས་ཅན་སངས་རྒྱས་དོན་རྣམས་ཀྱིས།། བདེན་གཉིས་སྙིང་པོ་འཆང་བར་གྱིས།། གསང་ང་ཁོང་དུ་ཆུད་པར་གྱིས།། ལམ་གྱི་བྱེ་བྲག་ཤེས་པར་གྱིས།། སྤྱོད་པའི་རྩད
251a6 པར་ཤེས་པར་གྱིས།། འོན་ཀྱང་དད་ཅན་རྣལ་འགྱོད་པ།། དེས་ནི་རྡོ་རྗེ་ཐེག་པ་ཡི།། གཏིང་ནི་འཛུག་ཞིང་མི་ནུབ་བྱེད།། རྣལ་འབྱོར་དབང་ཕྱུག་ཆེན་པོ་ཡི།། རྒྱུད་ནི་འཛིན་པར་དེ་འགྱུར་རོ།། མི་གནས་ཡེ་ཤེས་གནས་གྱུར་ཏེ།། གསང་བའི་དོན་རྣམ་མི་འགྱུར་རོ།། གསང་པའི་དོན་རྣམ་མ་ནན་འཕྲུར
251a7 སྦས་པ་གསང་པའི་ཐ་བྲ་མཆོག་རྣམས།། རྩེ་བྲག་མེད་པར་དེ་འབྱོར་རོ།། ཁྲོ་བོ་ཀ་མ་ཧེ་རུ་ཀ། དེ་ཡིས་བཤད་པའི་མདོ་འདི་ནི།། རྣལ་འབྱོར་དམ་པ་རྣམས་ཀྱི་ནི།། ཉེ་ལམ་བརྡོ་རྡོ་ལྔ་ཡིན་པས་ན།། ཁྱོད་ཀྱིས་དེ་ལྟར་ཤེས་པར་གྱིས།། གསང་བའི་ཏིང་ཁྲོ་ལེན་པར་ནི།། ཁྱོད་ཀྱིས་དེ་ལྟར་ཤེས་པ




iiif viewer powered by OpenSeadragon

250b - 251b

Texts on this page

Gdg013.4 - phur pa bcu gnyis kyi rgyud ces bya ba theg pa chen po'i mdo