e-texts navigator
Collection
Volume
Page
Wylie

250b1 འཕྲུལ་འཕྲུལ་བར་སྣང་།། འཁྲུལ་བར་སྣང་ངའི་ཆོས་རྣམས་ཀུན།། རང་སེམས་སྣང་གདོནར་ཟད།། སེམས་ཀྱི་རང་བཞིན་དངོས་མ་གུང་།། རྫ་ཕྱིར་བསྲེས་ན་རང་བཞིན་མེད།། གདོད་ནས་མ་སྐྱེས་རྣམ་པར་དག། ཡི་གེ་མེད་ཅིང་སྒྲ་དང་བྲལ།། ཐ་སྙད་ནམས་དང་བྲལ་བ་དྷ།
250b2 སྟོང་པ་སྟོང་པའི་ཡུལ་ལས་འདས།། ཡུལ་ལས་འདས་ཏེ་བརྗོད་དང་བྲལ།། དེ་ཕྱིར་སེམས་ཉིད་ཆོས་རྩ་བ།། དེ་ཉིད་སྲིད་དང་གྲོལ་ལས་ལྡང་།། ཧོ།། ཨེ་མ་ཧོ་སེམས་ཉིད་སྟོང་པ་སྟེ།། མ་བཅོས་སྟོང་པ་ཆེན་པོའི་དབྱིངས།། བརྗོད་དང་བྲལ་བའི་ངོ་བོ་ལ།། གནས་དང་རྒྱན་ཞེས
250b3 གདགས་སུ་མེད།། སྟོན་པ་འཁོར་ཞེས་ག་ལ་ཡོད།། ཏིང་འདོན་ཡིག་འབྲུ་སོ་སོར་མེད།། ཕྱག་མཚན་སྐུ་མདོག་རྟག་པ་མེད།། སྙན་དང་བཞུགས་ཐབས་བགྲང་དུ་མེད།། སྟོང་པ་ཉིད་མེད་སྙིང་རྗེ་མེད།། ཚོགས་བསག་བྱང་ཆུབ་སེམས་བསྐྱེད་དང་།། གཟུག་བརྟན་དཀྱིལ
250b4 འཁོར་བསྐྱེད་པ་མེད།། རང་བཞིན་དཀྱིལ་འཁོར་སྤྱན་དྲང་མེད།། གཉིས་མེད་སྔགས་དང་ཕྱག་རྒྱ་མེད།། ཐུགས་རྗེས་ཁམས་གསུམ་འདུལ་བ་མེད།། དྲག་པོས་མ་ལུས་འདུལ་མེད་ཅིང་།། དྲག་པོའི་དཀྱིལ་འཁོར་འཇོམས་པའང་མེད།། གསོད་པའི་ངན་སྔགས་སྙིང་པོ
250b5 བ་།། ཐོས་པའི་སྟངས་སྟ་བསགལ་ཡོད།། ཛྙཱན་གྱི་ཏིང་འདིན་གྱི་ཐག་ཟེང་།། རྟེན་པས་རྣམས་ཅི་ཀྱེ་ཟག་མེད།། དུག་ལ་སོགས་པ་དུན་རྣམས་མེད།། སེམས་ཅད་སྦྱང་བ་ག་ལ་ཡོད།། རྡོ་རྗེས་གཏམ་པ་བྱས་མིང་ཡང་མེད།། ཐམས་ཅད་བྱ་བརྣམས་དྲང་ཟལ།། ལུས
250b6 གྱི་སྡོམ་པ་ཀུན་ལས་འདས།། དག་གི་སྡོམ་པ་བརྗོད་ལས་འདས།། ཡིད་ཀྱི་སྡོམ་པ་བས་མ་དང་བྲལ།། ཐམས་ཅད་བརྗོད་པ་ཀུན་རྡོབ་ཡིན།། འཁྲུལ་པ་བཟློག་ཕྱིར་ཀུན་རྫོབ་བསྟན།། དོན་ནམ་བདེན་པ་རིག་པར་བྱ།། སེམས་ལས་འདས་པའི་ཆོས་ཉིད་ནི།། ཚིག་གིས
250b7 དེ་ལ་མཚོན་དུ་མེད།། ཐ་སྙད་གདག་མུ་ག་ལ་ཡོད།། ནམ་མཁའི་དཔེས་ཀྱང་མཚོན་དུ་མེད།། འདི་ཞེས་བྱ་བར་བསྟན་དུ་མེད།། ཁ་དོག་དབྱིབས་སུ་གྲུབ་པ་མེད།། ཡེ་ནས་མ་བཅོས་རྣམ་པར་དག། རྣམ་པར་དག་ཅེས་བརྗོད་པ་ཀུན།། བསྟན་རྣམས་ཀྱང་སྒྲིབ་པའི




iiif viewer powered by OpenSeadragon

250a - 251a

Texts on this page

Gdg013.4 - phur pa bcu gnyis kyi rgyud ces bya ba theg pa chen po'i mdo