e-texts navigator
Collection
Volume
Page
Wylie

177b1 ཧ་ཞེས་རྣམ་པར་བསྐུལ་ཏེ།། དེ་ནས་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་ངས་བསྐུལ་བར་མཁྱེན་ནས། ལོངས་སྤྱོད་རྫོགས་པའི་སྒྲ་ལས་རྣམ་པར་སྤྲུལ་ཏེ་སྐྲ་ཆ་གཉིས་སུ་རྣམ་པར་གསལ་བར་གྱུར་ཏོ།། དེ་ནས་ཡུམ་དམ་ཆོག
177b2 ལམས་ཡང་ཀྱང་སྔགས་པའི་ག་ས་སྣང་བ་ངང་ས་ས། འདི་ས་མ་ཀྱང་གས་ག་གསལ་། མས་ཕྲུལ་ནཕྱོགས་པ། ས་ས་པ
177b3 རྗེས་ཁྱབ་མཛད་ཅིང་།། རོལ་པའི་སྤྲ་མཆོག་བདག་ལ་བསྟན་དུ་གསོལ།། ཧོ། ཞེས་རྣམ་པར་བསྐུལ་ཏོ།། དེ་ནས་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོས་བསྐུལ་བར་མཁྱེན་ནས། སྤྲ་ཆ་གཉིས་སུ་བཞུགས་པ་དེའི་དང་ལས
177b4 ཁམས་གསུམ་གྱི་སེམས་ཅན་ལ་ཐུགས་རྗེའི་དབང་གིས་རྣམ་པར་སྤྲུལ་པ་མཛད་དོ།། དེ་ནས་ཡང་ཡུམ་ཀུན་ཏུ་བཟང་མོས་མཛེས་པའི་མདངས་ཕྱུང་སྟེ། མཛེས་པའི་སྨིན་མ་བསྒྱུར་ནས། སྦྱིན་མཛེས་པས་བལྟས་ཏེ། རྨད་དུ་སྐང
177b5 བའི་མཆོད་པས་མཆོད་ཅིང་། གླུ་དང་གར་གྱི་བྱེ་བྲག་དང་རྣམ་པར་མཛེས་ཤིང་། དགྱེས་པ་བསྐྱེད་པའི་ཀླུ་འདིས་བསྐུལ་ཏོ།། ཨེ་མཧོ།། ཡོངས་སུ་རྫོགས་པའི་སྒྲ་མཆོག་མ་བསྒྲིབས་གསལ།། ཐམས་ཅད་ཀུན་ལ་སྙོམས་པའི་ཐུགས་རྗེས་འཛིན།
177b6 མ་བསྒྲིབས་ལོངས་སྤྱོད་རྫོགས་པའི་སྐུ་གཉིས་གསལ།། སྤྲུལ་པའི་རོལ་པ་བདག་ལ་བསྟན་དུ་གསོལ།། ཧོ། ཞེས་རྣམ་པར་བསྐུལ་བས། གསང་བ་མཆོག་གི་བདག་པོས་བསྐུལ་བར་མཁྱེན་ནས། རོལ་པའི་སྒྲ་ཞེ་ལ་གསུམ་པར་སྣང་ཞིག
177b7 ཡེ་ཤེས་ཀྱི་རྡོ་རྗེ་རྩེ་དགུ་པ་ཅན་ལྟ་བུ་དུས་གསུམ་གྱི་སངས་རྒྱས་ཡབ་ཡུམ་སྲས་དང་བཅས་པར་གཟིགས་པར་གྱུར་ཏོ།། དེ་ནས་གསང་བ་མཆོག་གི་བདག་པོ་དེས། འཁོར་ཡོངས་སུ་བསྐུ་བ་རྣམ་པར་དག་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། དེ་ནས




iiif viewer powered by OpenSeadragon

177a - 178a

Texts on this page

Gdg013.4 - phur pa bcu gnyis kyi rgyud ces bya ba theg pa chen po'i mdo