e-texts navigator
Collection
Volume
Page
Wylie

176b1 ཐོག་མ་དང་ཐ་མ་མེད་པར་རང་བྱུང་བ་ན། རྣལ་འབྱོར་གྱི་དབང་ཕྱུག་རྒྱལ་བ་རིགས་ལྔའི་སངས་རྒྱས་ཀྱིས་ནམ་མཁའི་མཐའ་ཀླས་པ། རྒྱལ་བ་སངས་རྒྱས་ཀྱི་བཙུན་མོ་དམ་པ་ལ་སོགས་ཏེ་རྣལ་འབྱོར་མ་ཆེན་མོ་དང་རྣལ་འབྱོར་ཆེན་པོ་གཉིས་སུ་མེད་པ་ལས་སྤྲུལ་པའི
176b2 སེམས་དཔའི་ཚོགས་བཙུན་མོའི་སེམས་མ་དང་བཅས་པ་དང་། གཞན་ཡང་སྦལ་པ་དང་སྤྲུལ་པ་ལས་གྱུར་པའི་སྲས་ཀྱི་ཚོགས་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ། ཞིང་གི་རྡུལ་སྟེང་དང་ཐབས་ཅིག་ཏུ་བཉལ་བ་མི་མངའ་བར་བཞུགས་པ་ན།
176b3 རྣམ་པ་བཞིས་ཀུན་ལ་ཁྱབ་པར་བཞུགས་སོ།། རོལ་པ་བྱང་ཆུབ་ཀྱི་སེམས་ཀྱིས་ཀྱང་ཏིལ་གྱི་གང་བུ་བཞིན་ཀུན་ལ་ཁྱབ་པར་བཞུགས་སོ།། རྣམ་པའི་ཁྱད་པར་གྱིས་བཞུགས་སོ།། འཁོར་གྱི་དཀྱིལ་འཁོར་དེ་ཉིད་ཀྱི་ནང་རྔུབ་ཀྱང་། རྡུལ་འཁོར་ཀྱི་དབང་ཕྱུག་ཅ
176b4 རྡོ་རྗེ་ཆོས་དང་། བཙུན་མོ་སྟོང་པ་དང་བཅས་པ་གཉིས་སུ་མེད་པའི་ཚུལ་དུ་རྣམ་པར་དག་པའི་རང་བཞིན་གྱིས། བཅོམ་ལྡན་འདས་ཀྱི་སྤྱན་སྔ་ན་རབ་ཏུ་མཛེས་པའི་ཚུལ་བཟུང་ནས། བཀའ་ནོད་ཅིང་སྤོབས་པ་ཅན་དུ་བཞུགས་སོ།། དེ་ནས་བཅོམ་ལྡན་འདས་གི་ས་པ
176b5 མཆོག་གི་བདག་པོ་དེས། ཕྱི་དང་ནང་དང་སྡང་བ་ཐམས་ཅད་ལ་མ་བཅོས་པའི་སྤྱན་གྱིས་སོ་སོའི་བྱེ་བྲག་གི་དབང་དུ་གཟིགས་སོ།། དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཁྱད་པར་དུ་ཡང་གཟིགས་སོ།། དེ་བཞིན་དུ་ཕྱོགས་བཅུའི་རྒྱལ་བ་སངས་རྒྱས་གྲངས་མེ
176b6 ཅིང་བགྲང་བ་ལས་འདས་པའི་དུས་གསུམ་གྱི་སངས་རྒྱས་ལ་ཡང་གཟིགས་སོ།། སྤྱན་རྣམ་པར་དག་པའི་རྫུ་འཕྲུལ་གྱིས། ཀུན་ལ་ཁྱབ་ཅིང་སོ་སོའི་བྱེ་བྲག་ཏུ་གཟིགས་སོ།། རྣམ་པར་གཟིགས་སོ།། རྣམ་པར་གཟིགས་ནས། ཆོས་ཐམས་ཅད་མ་བཅོམ
176b7 པའི་དེ་བཞིན་ཉིད་ལ་མནལ་ཏེ། སྦུབས་མ་ལས་འདས་པ། གང་གི་ངོ་བོར་ཡང་གྲུབ་པ་མ་ཡིན་ཅིང་། བཟོས་པ་མ་ཡིན་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། དེའི་ཚེ་འཁོར་བ་དང་མྱ་ངན་ལས་འདས་པངོ་ཆོས་ཐམས་ཅད་བཅོས་མ་ཡིན་པར་གྱུར




iiif viewer powered by OpenSeadragon

176a - 177a

Texts on this page

Gdg013.4 - phur pa bcu gnyis kyi rgyud ces bya ba theg pa chen po'i mdo