| | e-texts navigator
|
175b1 གདམས་པས་སྟོན་པར་མཛད།། དེ་ཉིད་བསྟན་པའི་རྒྱུད་ཆེན་འདི།། ཐམས་ཅད་གཅིག་ཏུ་བསྡུས་པའི་མཆོག། བྱང་སེམས་འཇམ་དཔལ་རྣོན་པོ་དང་།། གསང་བདག་རྡོ་རྗེ་ཆོས་ལ་གཏད།། དུས་གསུམ་ཐམས་ཅད་མཁྱེན་པའི་མཆོག། སངས་རྒྱས་ཀུན་གྱི་གསང་བའི་མཛོད།། བས།། རོལ་པདེ་མང་ཆེ
175b2 འདི།། དང་བརྩོན་གུས་པར་གཟུང་བར་གྱིས།། ཇི་སྙེད་ཆོས་རྣམས་ཐམས་ཅད་ཀྱི།། ཡོན་ཏན་བརྗོད་པའིདཔེ་ཀུན་གྱིས།། སྣ་ཚོགས་ཕྱོགས་རྣམས་བཀང་བྱས་ཏེ།། དེ་དག་བཟང་ཞིང་ཤེས་ཀུན་ཀྱང་།། ཡང་དག་དོན་འདི་མཚོན་པ་གང་།། ཇི་ལྟར་ནམ་མཔའི་དཀྱིལ་འཁོར་དང་།། རྒྱ་མཚོ་ཆེན་པོའི་གནས་རྣམ
175b3 ཀུན་ཏུ་རྟོགས་པར་ནུས་གྱུར་ཀྱང་།། ཡང་དག་དོན་འདི་དཔེ་ལས་འདས།། ནོར་བུ་རིན་ཆེན་མཐའ་ཡས་སྒོ།། གྲངས་མེད་སྟོང་གསུམ་བཀང་བྱས་པས།། ཡོན་ཏན་ཆེན་པོའི་ཕྱོགས་ཆ་ཡང་།། ཚད་གཟུང་སྟོན་པར་མི་ནུས་སོ།། དུས་ཀུན་འཕེ་ལང་དཔ་གྲིབ་མེད་པའི།། བདུད་ཀྱི་གསང་པའི་དཀྱིལ་འཁོར་ཅིད།། རུས་གསུམ
175b4 སྟོན་པས་གྲོལ་བྱེད་པ།། དེ་དག་བྱིན་རླབས་མཐའ་ཡས་ཏེ།། ངོ་བོ་ཉིད་ཀྱི་མཐུ་དག་དང་།། རང་བཞིན་བདག་ལ་གནས་པའི་ཆོས།། གསང་སྔགས་ཕྱག་རྒྱའི་ཏིང་འཛིན་དང་།། དཀྱིལ་འཁོར་རྒྱུད་རྣམས་གཟུང་བར་བྱོས།། རི་ལུ་ལྕགས་གསུམ་དཀྲིས་པ་དག། དངོམ་གྲུབ་ཀུན་གྱི་དོན་ཕྱིར་བཅངས།། སྐྱེ་གཙུག་མགུ་ལ་ལ
175b5 སོགས་པར་གནས།། ཕྱག་རྒྱས་བསྲུང་ཞིང་བསྟོད་པར་བྱ།། ཞེས་རྒྱ་ཆེར་གསུངས་སོ།། དེ་ནས་འཁོར་གྱི་དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའི་ཚོགས་ཀུན་དང་། ལྷ་དང་མི་ལ་སོགས་པ་རྣམས་ཤིན་ཏུ་དགའ་ཞིང་གུས་པའི་སྒོ་ནས། ངོ་མཚར་གྱི་ཆོག་གིས་བསྟོད་ཅིང་། ཕྱག་འཚལ་ཉིང
175b6 མཆོད་པས་ཞིང་ཁམས་ཐམས་ཅད་གང་བར་སྤྲུལ་ཏེ། སྟོན་པ་དང་བདུད་རྩིའི་སྙིང་པོ་གཉིས་སུ་མེད་པར་སྤྱི་བོས་བླངས་སོ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་བདུད་རྩི་རོལ་པ་ཞེས་བྱ་བ་ལས། ཉེ་བར་བསྡུས་པའི་ཚུལ་བསྟན་པ་སྟེ་རིམ་པར་བྱ་བ་བརྒྱད་པའོ།། རྒྱུད་ཀྱི་ཚུལ་བ་ཆེན་པོ་དཔལ་བདུད་རྩི་རོལ
175b7 པ་ཞེས་བྱ་བ་ལས། སངས་རྒྱས་ཐམས་ཅད་ཀྱི་གསང་བའི་བདུད་རྩི་ཉེ་བར་བསྡུས་པའི་ཚུལ་གྱིས་བསྟན་པ་སྟེ། ཐམས་ཅད་རྫོགས་པའི་གནས་འཇུག་པ་རྫོགས་སོ།། རྒྱ་གར་གྱི་མཁན་པོ་བི་མ་ལ་མི་ཏྲ་དང་། བོད་ཀྱི་ལོ་ཙྪབ་གཏགས་ཛྙཱ་ན་ཀུ་མཱ་རས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།།
iiif viewer powered by OpenSeadragon
175a - 176a