| | e-texts navigator
|
89b1 ཕྲར་རབ་སྙེད་རྣམས་དང་། དེ་བཞིན་གཤེགས་པ་ནམ་མཁའི་ཁམས་དང་མཉམ་པ་ལ་ཡང་འདི་ལྟ་སྟེ། དེ་བཞིན་གཤེགས་པ་རྡོ་རྗེ་མི་བསྐྱོད་པ་དང་།། དེ་བཞིན་གཤེགས་པ་རྡོ་རྗེ་རྣམ་པར་སྣང་མཛད་དང་། དེ་བཞིན་གཤེགས་པ་རྡོ་རྗེ་རིན་ཆེན་ཏོག་དང་། དེ་བཞིན་གཤེགས་པ་རྡོ་རྗེ
89b2 འོད་དཔག་མེད་དང་། དེ་བཞིན་གཤེགས་པ་རྡོ་རྗེ་དོན་ཡོད་པ་དང་དེ་དག་ལ་སོགས་པ་ནམ་མཁའི་ཁམས་ཐམས་ཅད་དང་མཉམ་པའི་དེ་བཞིན་གཤེགས་པ་རྣམས་དང་། ཐབས་ཅིག་ཏུ་བཞུགས་པ་ནི་འདི་ལྟ་སྟེ་དཔེར་ན་ཏིལ་གྱི་གང་བུ་བཞིན་དུ་དེ་བཞིན་གཤེགས་པ་ཐམས་ཅད
89b3 ཀྱིས་ནམ་མཁའི་ཁམས་ཐམས་ཅད་ཤིན་ཏུ་ཡོངས་སུ་གང་བར་སྣང་བར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྡོ་རྗེ་རྣམ་པར་སྣ་མཛད་ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འདོད་ཆགས་ཆེན་པོའི་ཚུལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས
89b4 དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཀོད་པ་དེ་དག་ཉིད་ཀྱི་སྐུ་ལ་ཞུགས་པར་མཛད་དོ།། དེ་ནས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྒྲ་གསུང་ལྕགས་ཀྱི་བདག་པོ་ཡོངས་སྒྲ་མཉེས་པར་བྱ་བའི་ཕྱིར་ཉིད་ཀྱི་སྐུ
89b5 བུད་མེད་ཀྱི་གཟུགས་སུ་མངོན་པར་སྤྲུལ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོའི་སྐུ་ལས་མངོན་པར་བྱུང་བར་གྱུར་ཏོ།། དེ་ལ་ལ་ལ་ནི་སངས་རྒྱས་སྤྲིན་གྱི་རྣམ་པར་རོ།། ལ་ལ་ནི་མཱ་མ་ཀཱིའི་རྣམ་པར་པོ།། ལ་ལ་ནི་གོས་དཀར་ལོའི་རྣམ་པར་རོ།། ལ་ལ་ནི་དམ
89b6 ཚིག་སྒྲོལ་མའི་རྣམ་པར་ཡང་དག་པར་གནས་པར་གྱུར་ཏོ།། ལཱ་ལ་ནི་གཟུགས་ཀྱི་ངོ་བོའི་རྣམ་པས། ལ་ལ་ནི་སྒྲའི་ངོ་བོའི་རྣམ་པས། ལ་ལ་ནི་དྲིའི་ངོ་བོའི་རྣམ་པས། ལ་ལ་ནི་རོའི་ངོ་བོའི་རྣམ་པས། ལ་ལ་ནི་རེག་བྱའི་ངོ་བོའི་རྣམ་པ་ཚ་ཡང་དག་པར་གནས་པར་གྱུར་ཏོ།།
89b7 དེ་ནས་དེ་བཞིན་གཤེགས་པ་མི་བསྐྱོད་པས་དེ་བཞིན་གཤེག་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་བྷག་ཀྱི་སྙིང་པོ་རྡོ་རྗེ་བཙུན་མོའི་བྷག་པ་དམ་ཚིག་ཆེན་པོའི་དཀྱིལ་འཁོར་རྡུལ་མེད་པ་གྲུ་བཞི་པར་བྱིན་གྱིས་བརླབས་པ་ནི། གསལ་བ་དེ་ཡི་ངོ་བོ་ཉིད།། སྣ་ཚོགས་གཟུགས་ཀྱིས་ཀུན་པུ་རྒྱས།། སངས་རྒྱས་སྤྲིན་ནི་ཀུན
iiif viewer powered by OpenSeadragon
89a - 90a