| | e-texts navigator
|
88b1 དགྲོལ་བར་བྱ།། རྡོ་རྗེ་ཁྲོ་བོ་རབ་རྒྱར་པ།། རྡོ་རྗེ་ཀྱོ་བཞེས་བྱའོ།། འགྲོ་དང་རི་བོ་སེམས་ཅན་རྣམས།། ཕྱག་རྒྱ་འདི་ཡིས་ཀུན་བཀུག་སྟེ།། འདོད་པས་བགྱིང་པའི་ཡིད་རྟག་རྣམས།། མི་ཡི་བུ་མོ་སྨོས་ཅི་དགོས།། རྡོ་རྗེ་བཅིང་པ་མཉ་མ་གཞག་སྟེ།། གཡོན་གྱི་སྟེང་དུ་དེ་བཞིན་ཞག། དབུས་སུ་སྦོམ་མོ་གཞག་པ་བྱ།། རྡོ་རྗེ་འདྲེན་པག། ཟི་འཇིད་ཆེ།། རྡོ་རྗེ་བཅི
88b2 པབསྡམ་བྱས་ཏེ།། རྡོརྡོརྗེ་སྦོམ་མོ་རྩེ་མོ་སྨད།། བདག་ནི་རྡོ་རྗེ་ཞེས་བསྒོམ་ཞིང་།། བཅིང་བ་དེ་ནི་དགྲོལ་བར་བྱ། དེ་ཉིད་བཅིང་པདམ་བྱས་ཏེ།། དབང་དང་ཆུང་ངུའི་རྩ་བའི་མཚམས།། རྡོ་རྗེ་སྦོམ་པོ་ནུས་བྱས་ཏེ།། རའད་ཀྱིས་བདག་ཉིད་བསྐྱོད་པར་བྱ།། དེ་ལས་རྡོ་རྗེ་མཆོག་གཉིས་བསྐྱེད།། མདུད་པའི་ཚུལ་དུ་སྦྱར་བར་བྱ། གཞག་པར་ཉིད་འདྲེན་པའི
88b3 མཆོག།། འདི་ཡིས་ཐམས་ཅད་དངོས་གྲུབ་པས།། རྣལ་འབྱོར་ཕྱག་རྒྱ་འདི་ཉིད་ཀྱིས།། དྲངས་ཏེ་བཅུག་ནས་བཅིད་བྱས་ཏེ།། དབང་དུ་བྱས་ནས་བསྒྲུབ་པར་བྱ།། དེ་ནས་དེ་དག་ཐམས་ཅད་དྲངས་བཅུག་བཅིངས་དགའ་བར་བསྐྱེད་ནས།། རང་གི་རབ་ཏུ་དགྱེས་པའི་བདེ་བ་ཆེན་པོས་རང་གི་ཚུལ་སྲིད་རྗེས་སུ་མྱོང་ཞིང་རྡོ་རྗེ་ཆོས་ལ་བཀའ་སྩལ
88b4 པ། སངས་རྒྱས་ཀུན་གྱི་ཚུལ་ཆེན་པོ།། དགའ་བེད་ཟླགསད་ཐིག་ལེ་ཡི།། རབ་གྱེས་བདག་ཉིད་གསང་བ་འདི།། སེམས་དཔའ་ཆེན་པོ་ཁྱོད་ཀྱིས་ཟུང་།། དེ་ནས་གདན་ལས་མྱུར་བཞེངས་ཏེ།། ལ་མོ་སྦྱར་ཏེ་ཕྱག་བཞེས་ནས། ཆོས་ཀྱི་ངོ་བོང་ཆོག་སྨྲས་པ།། བདེ་བ་ཆེན་པོ་བདག་གིས་བླངས།། རབ་དེ་ཡོངས་སྤྱོ་ག་དབུས་ཏེ།
88b5 ཚེ་ཡིས་འདི་སྐ། སྒྲས།། རྡོ་རྗེ་ཆོས་ནི་སྣ་ཚོགས་ཆེ།། སྣ་ཚོགས་པདྨོ་གར་རབ་བྱེད།། དེ་ནས་ཕ་རོལ་ཕྱིན་དེ་ཀུན།། དབད་ཀྱིས་ལོངས་སྤྱོད་གར་བྱེད་ཅིང་།། བདེ་བྱེད་ཆེན་པོས་བདག་ཉིད་རྗེས།། ལེག་སོ་ཞེས་པ་སྦྱིན་བྱེད་དེ།། ལེགས་སོ་ལེགས་སོ་བདེ་བ་ཆེ།། ལེགས་སོ་ལེགས་སོ་ཡེ་ཤེས་མེ།། ལེགས་མོ་ལེགྶ་སོ་སྣ་ཚོགས་ཆེ།
88b6 ལེགས་སོ་ལེགས་སོད་གྱེས་པ་ཆེ། བཅོམ་ལྡན་འདས་དགྱེས་པའི་ཟུག་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཕ་རོལ་ཏུ་ཕྱིན་མའི་འཁོར་ཆེན་མོ་དེ་དག་མངོན་པར་དགའ་བར་གྱུར་ཏོ།། ཟླ་གསང་ཐིག་ལེ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་མཆོག་ཏུ་གསང་བ་ཡོངས་སུ་རྫོགས་སོ།། །། གསུང་རབ་དོན་རྟོག་ཐོམ་དཔོན་གྱིས།། ལྷག་པར་བཀྲོལ་ཏེ
88b7 བསྟན་པ་ལ།། ཅི་རིགས་བསྒྱུར་བའི་བསོད་ནམས་ཀྱིས།། སེམས་ཅན་སེམས་བདེ་ཐོབ་པར་སྒོ་ན། རྒྱ་གར་གྱི་མཁན་པོ་པདྨ་སམྦྷ་ལླ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བརྗེ་དཔལ་བརྩེགས་ཀྱིས་བསྒྱུར་བའོ།། ཕྱིས་ཁོ་ཆེའི་པཎྜི་ཏ་ཏེ་ཛད་པའི་ཞལ་སྔ་ནས་དང་། ལོ་ཟླ་བ་འཕགས་པ་ཞེས་རང་ཀྱི་སྐད་གསར་བཅད་ཀྱིས་ཀྱང་གཏན་པ་ཕབ་པའོ།།
iiif viewer powered by OpenSeadragon
88a - 89a