| | e-texts navigator
|
87b1 དགྱེས་སྦྱོར་བར་ཡང་དག་ལྡན།། ཕྱག་རྒྱ་བཞི་དང་མཉམ་འཕྲོགས་ཤིང་།། རྡོ་རྗེ་འགླིང་ལ་སོགས་སྤྱོད་པས།། རྣལ་འབྱོར་འདི་ནི་བཅིངས་པ་ཡིས།། རབ་སྐྱེས་ལ་སོགས་མ་ལུས་པ།། བ་བྱེ་ལ་དབྱིངས་པ་ཡིས།། ཀྱི་བྱིང་དུ་རྟེན་པར་གྱུར།། དེ་བཞིན་ཅོམ་པོའི་རྩེ་མོར་སྦྱད།། སྙིང་རྗེ་ཆེན་པོ་དེ་དག
87b2 སྐལ་བ་ཆེན་པོ་རྡོ་རྗེ་སྤེན།། དེ་ཉིད་དོན་ཀུན་སྟོན་བྱེད་མ།། འདི་ནི་ཡང་དག་བཅིང་པ་ཡིས།། རྡོ་རྗེ་རྟག་པའི་སྨན་དུ་འགྱུར།། ཡོད་དང་མེད་པ་རྣམ་སྔངས་པ།། དངོས་པོ་ཐམས་ཅད་མཐོང་བར་འགྱུར།། རྡོ་རྗེའི་ཐལ་མོ་བརྟན་བྱ་སྟེ།། ཁྲོ་མོ་རྩེ་མོ་བླག་པོ་ཡི།། མཐོན་པོར་མཚན་དང་འདྲ་བྱས་ཏེ།། སྦོམ་པོར་རྡོ་རྗེ་བརྟན་པ་ཆེ།། དེ
87b3 བཅོམ་ལྡན་འདས་མ་མཆོག། རྡོ་རྗེ་པདྨའི་བདེ་འཐོབ་བྱེད།། རྣལ་འབྱོར་འདི་ནི་བཅིངས་པ་ཡིས།། སྦས་པ་ཆེན་པོའི་དགྱེས་པ་འཐོབ།། དེ་ནས་ལྷ་མོ་ཆེན་མོ་དག།། སྤྲོ་བ་ཆེ་བས་གང་མཛད་ཅིང་།། རྡོ་རྗེ་བདེ་བྱེད་བདག་ཉིད་ལ།། འདུད་དང་བཅས་པས་ཕྱག་བྱས་ཏེ།། ཆོས་ཀྱི་ཡི་གེ་ཐོབ་དང་། ནས་ནས།། དེ་ཉིད་ཆོས་ཀྱི་གསོལ་བ་འདེབས།
87b4 ཀྱི་ཕྱག་རྒྱ་བདེ་བ་ཆེ།། རྡོ་རྗེ་བཅོམ་ལྡན་བཤད་དུ་གསོལ།། སྒྲུབ་པ་པོས་ནི་རབ་བསྒྲིམྦ་ན།། གང་གིས་ལྷ་ནི་འགྲུབ་པར་འགྱུར།། གང་གིས་མྱུར་དུ་བྱིན་བརླབས་པས།། སངས་རྒྱས་བྱང་ཆུབ་རབ་བསྒྲུབ་སྟེ།། བདེ་བྱེད་གཉིས་ཀྱིས་སྒོཆེ་བ།། དེ་བཞིན་གཤེགས་པས་གནས་འཇུག་འགྱུར།། དེ་ནས་བཅོམ་ལྡན་འདས་ཀྱིས་ལྷ་མོ་ཐམས་ཅད་ཀྱིས་གསོལ
87b5 བ་བཏབ་པ་མཁྱེན་ནས་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་སྦས་པ་ལས་ཆོས་ཀྱི་ཕྱག་རྒྱ་ཆེན་པོའི་ཚིག་འདི་ཕྱུང་ངོ་།། བཅུ་གསུམ་བདག་ཉིད་འདྲེན་པ་སྟེ།། ཐིག་ལེ་ལྟར་ནི་ཡང་དག་ལྡན།། ཐ་མ་ར་ཧ་ར་ཐིག་ལེར་གནས།། རབ་ཏུ་དགྱེས་པ་རྡོ་རྗེ་དགྱེས།། སྙིང་གར་ཕྱག་རྒྱ་འདི་བྱས་ནས།། དག་འཕྱེད་ལྷན་ཅིག་རྩེན་བྱེད་ཅིང་།། སྐྱེད་དང་མི་སྤྱོད
87b6 གྲུབ་འགྱུར་ཏེ།། རྣལ་འབྱོར་བདེ་བ་ཆེན་པོར་འགྲོ།། དེ་བཞིན་འདྲེན་པ་ཐོག་མར་བྱ།། རྡོ་རྗེ་འདོད་པ་ཀྱོ་བ་མཆོག། ཧ་རེ་ཐིག་ལེ་ཡང་དག་ལྡན།། ཚེ་གཉིས་གསུམ་པ་སྦྱར་བྱས་པ།། འདི་ནི་སྙིང་གར་བཞག་བྱས་ན།། བདེ་བར་ནམ་མཁའ་འགྲོ་འགྱུར་ཏེ།། བདེ་བ་ཤིན་ཏུ་རྟག་པ་ཡི།། འདི་ཡིས་མཆོག་ཏུ་དངོས་གྲུབ་པོ།། འདྲེ་ན་པ་དེ་ཉིད་ཐོག་མར་ན
87b7 ལྟོས་ལྟོས་ཞེས་པ་དང་ལྡན།། སྐལ་བ་ཆེན་པོ་རྡོ་རྗེ་སྤྱན།། དབུས་སུ་བསྐལ་བས་འགྲུབ་པརང་གྱུར།། འཕྲུལ་གྱི་སྤྱན་ལྔ་ནོར་ཆེ་བ།། འདི་ཡིས་རྣལ་འབྱོར་འགྲུབ་འགྱུར་ཏེ།། རྡོ་རྗེ་བྱང་ཆུབ་དགྱེས་པ་ཆེ།། སངས་རྒྱས་ཐམས་ཅད་མཐོང་བར་འགྱུར།། དང་པོར་འདྲེན་པ་དེ་ཉིད་གཞག།། ཐ་མད་ཧ་ཐིག་ལེར་བྱ།། རྡོ་མེ་ཀྱིས་པ
iiif viewer powered by OpenSeadragon
87a - 88a