e-texts navigator
Collection
Volume
Page
Wylie

2b1 དོན་པདང་མ་ཆུག་སྣང་ཞུགས།། དཀྱིལ་ལ་བ་དང་ཀར་གསུངས་སུ་ཞུམ།། དབདག་མི་འཇུག།། ཐེག་ག་དབ་པའང་ཁྱ་། དས་ཟླ་བ་དི་སྐང་བཤད་པ་ལགས།། གས་ད་ད་ང་།། དངག
2b2 ཅི་འདྲ་དེ་བཞིན་ཏེ།། དཀྱིལ་འཁོར་གཙོ་བོ་རྣམས་དང་ནི།། རིགས་རྣམས་ཀྱང་ནི་ཇི་ལྟར་ལགས།། ཐམས་ཅད་དབང་བསླང་དུ་ཉིད་དང་།། དེ་ཉིད་ཚོགས་ཀྱི་ཕྱག་མཚན་ཡང་།། ཐམས་ཅད་དགུག་དང་མཆོད་ཆེན་དང་།། རང་གི་བྱིན་རྣབས
2b3 སོགས་སྒྲུབ་པ།། དེ་རྣམས་དེ་ཉིད་གསང་ཆེན་དང་།། དམ་པ་དང་ནི་དོན་དམ་པ།། དུམ་པའི་ཡི་གེ་གྲུབ་དོན་དུ།། ཐམས་ཅད་མི་གསུང་འོས་མ་ལགས།། སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་པ་མཁའ་འགྲོ་མ་སྙ་མ་བདེ་བའི་མཆོག་ལས་དེ་འོ་ན
2b4 ཉིད་ཐམས་ཅད་ངེས་ཚིག་གི་རྟོག་པ་སྟེ་བཅཝ་བརྒྱད་པའོ།། ། དེ་ནས་སྟོན་པ་རྡོ་རྗེ་འཛིན།། རྟོག་པ་ཀུན་གྱི་གཙོ་ཆེན་པོས།། ཐེ་ཚོམ་དག་གི་ཚོགས་གསན་ནས།། དོན་དམ་འཛིན་པས་བཀའ་སྩལ་པ།། དེ་ལ་ཇི་ལྟར་རྟོག་པའི་དོན་རྒྱུད་ཡིན་ཞེ
2b5 རྣམ་པར་མི་རྟོག་ཆོས་དག་ལས།། སེམས་ཅན་དོན་དུ་ཡོངས་སུ་རྟོག། དེ་ཕྱིར་རྟོག་པར་ཡང་དག་བཤད།། རྟོག་པ་ཡོངས་སུ་དག་ཕྱིར་རོ།། འདི་ལ་ཇི་ལྟར་རྒྱུད་ཀྱི་མ་ཡིན་ཞེ་ན། རྒྱུད་ནི་རབ་ཏུ་འབྲེལ་བར་བཤད།། ཕྱི་མགོང་དུ་ཕྱུང་བ་ཡིན།།
2b6 དེ་ཉིད་གསང་བ་གསང་ཆེན་རྣམས།། དེ་ཡང་རྒྱུད་ནི་ཕྱེ་མར་འདོད།། དེ་ལ་ཇི་ལྟར་དང་པོའི་སའི་དེ་བཞིན་ཉིད་ཀྱི་ཡེ་ཤེས་ཡིན་ཞེ་ན། ནམ་མཁའ་ཀུན་ཏུ་རབ་གནས་པ།། རྡོ་རྗེ་ཀུན་གྱི་དངོས་པོ་མཆོག། བདེ་ཆེན་དགྱེས་པ་ཆེན་པོ་དེ།། དམ་པའི་ཡི་གེ་གཞུང
2b7 ཡས་འང་།། ཞེས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔས་གསུངས་སོ།། དེ་ལ་ཇི་ལྟར་གདོད་མ་དང་ཐ་མ་མེད་པའི་རྡོ་རྗེ་སེམས་དཔའ་ཡིན་ཞེ་ན། ཡི་གེ་ཀ་སོགས་རྒྱ་ཡིག་མཐའ།། ང་ཉ་སྤངས་ནས་འཇུག་པར་བྱ།། ཡི་གེ་སོགས་ཏེ་ཡི་མཐའ།། ཕྲེང




iiif viewer powered by OpenSeadragon

2a - 3a

Texts on this page

Gdg012.1 - rtog pa thams cad 'dus pa zhes bya ba sangs rgyas thams cad dang mnyam par sbyor ba mkha' 'gro sgyu ma bde ba'i mchog gi rgyud phyi ma'i phyi ma