| | e-texts navigator
|
279b1 བ་འདི།། པདྨའི་རྒྱལ་པོ་དཔལ་གྱི་གྲུ།། ལས་རྣམས་ཐམས་ཅད་རབ་བསྲུབ་པའོ།། དེ་བཞིན་གཤེགས་པ་ཀུན་ལ་སོགས་པའི་གཟུགས་མཆོག་སྣ་ཚོགས་འཛིན།། སེམས་ཅན་རྣམ་པ་སྣ་ཚོགས་འདུལ་མཆོག་དངོས་གྲུབ་མཆོག་མངའ་བ།། སེམས་དཔའ་པདྨ་དགའ་མཆོག
279b2 ལྷ་མའི་དགའ་བ་བསྟན་དུ་གསོལ།། ཨ་ལ་ལ་ཧོ།། ཀྱེ་གར་དབང་ཐར་དགའ་དགའ་བའི་གར་མཛོད་ཅིག། སངས་རྒྱས་རྡོ་རྗེ་འཛིན་པའི་དཔལ།། ཚངས་པ་འཇུག་སེལ་དབང་ཕྱུག་པ་དང་།། ཉི་ཟླ་བདག་ལགས་ཨ་ལ་ལ་ཧོ།། དཔའ་མོ་སྒྲ་མ་པའ་ནི་པདྨ་རྣམ་པ་སྣ་ཚོགས་འདུལ
279b3 མཛད་དགའ་བའི་ཚུལ་གྱིས་གར་མཛད་པ།། པདྨའི་དམ་ཚིག་དབང་ཕྱུག་སངས་རྒྱས་གང་རྣམས་མཛད་དུ་གསོལ།། འདོད་ཆགས་རྔམ་པར་སྤྱོད་པ་ཐམས་ཅད་རྣམ་པར་མྱོད་།། པདྨ་འཛིན་པ་དེ་ཡི་སྤྱན་སྔར་གང་མཁན་གར་མཛོད་ཅིང་།། དེ་ནས་ཕྱག་རྒྱ་ཤེས་པ་ནི།། འདུ
279b4 མཆོག་གི་གླུ།། ལས་རྣམས་ཐམས་ཅད་རབ་སྒྲུབ་པ།། ཁྱད་པར་དུ་ནི་བཤད་པར་བྱ།། ཁམས་གསུམ་ཀུན་གྱི་ནང་ན་རྒྱལ་སྲིད་མཆོག་གི་ནོར་ལྡན་པས།། འཇམ་འདུས་གཡུལ་འགྱེད་སྤངས་རྒྱས་ཀུན་གྱིས་འདུལ། རྣམ་པ་སྣ་ཚོགས་རྣམ་པར་རྒྱལ་པའི་རྒྱལ་མཚན་ན
279b5 ཇི་ཉི་མ་པ་དེ་མཆོག་སྦྲུམ་བསྟན་དུ་གསོལ།། སེམས་ཅན་ཀྭིནཱ་ལ་བྱུང་ཆུབ་མཆོག་གི་སྦྱིན་པ་སྣ་ཚོགས་ཆར་འབེབས་པ།། བདག་ཉིད་དེ་བ་ཀུན་ཡུབ་མྱུར་དུ་ཧོན་ཨུ་ལ་ལ་ཧོ།། མི་ཟད་གཏེད་ཀྱི་དབང་ལྐུག་ཁྱད་པར་བདག་ལ་ཞལ་དུ་གསོལ།། ཁྱད་པར་འདི་དག་ཏུ
279b6 མེད་རིན་ཆེན་རྣམས་ཀྱི་ཕྱིར།། དྲིན་ཆེན་ཀུན་གྱི་ནང་ན་བུད་མེད་རིན་ཆེན་གཅིག་ཏུ་མཆོག། བུད་མེད་རིན་ཆེན་ཤིན་ཏུ་རིན་ཆེན་ཐམས་ཅད་འགྲོ།། རཏྣ་ཨ་ལ་ལ་ཧོ།། དེ་ནས་ཕྱག་རྒྱ་ཤེས་པ་ནི།། རྩཝ་མཆོག་དཔལ་ལྡན་གནས་པའི་གྲུ།། ལས་རྣམས་ཐམས
279b7 ཅད་རབ་བསྒྲུབ་པ།། ཁྱད་པར་དུ་ནི་བཤད་པར་བྱ།། མྱོས་བྱེད་སྟོང་ལས་ལྷག་པར་བདེ་བ་འདོད་པའི་གཟུགས་སྟོན་པ།། འདུལ་བའི་དབང་གིས་གཤི་སྡེ་སྟོང་ལས་རབ་ཏུ་འཇིགས་པར་སྟོན།། ཞི་བའི་སྐུ་ཡང་ཚངས་པ་སྟོང་པས་ལྷག་པར་རབ་ཏུ་སྟོན།། དཀྱིལ
iiif viewer powered by OpenSeadragon
279a - 280a