e-texts navigator
Collection
Volume
Page
Wylie

278b1 བས་རྣམ་གཞགས།། སྲམ་ག་བ་ན་མོར་གྱུར།། གཡས་ཁྱོ་མ་དོན།། ད་ལ་བྱས་ས་གསུག་པ་བྱ། ཨོས?་ཧཱ། ཧཐཱག་ལན། མཧཱ་ཀཱ་ཀརྦོ་ཧཱུ~ཾ་ཧཱུ~ཾ། ལུག་པ་གཡས་གཡོན་གཉིས་གནས་ཧཱུ~ཾ།། མཛུབ་སོ་མཐོང་ཆུ་མངས
278b2 བསྒྱུར་ཏེ།། གཡོན་པའི་མཛུབ་མོ། ཁུ་ཚུར་བཅིང་།། གཡས་པ་པདེནི་གསུམ་པར་བྱ།། བསྟིམས་འཛིན་ཆེན་མོར་བྱས་བཅངས་པས།། སྦྱོར་བ་དེ་ནི་བཏེ་གནས་སུ།། མགྲོན་པའི་ཕྱོགས་སུ་ཡོངས་བསྐུར་ནས།། སྐྱེ་བོའི་མཚམས་སུ་གཟུག་པར་བྱ།
278b3 ཐམས་ཅད་འབེབས་པའི་གར་བྱེད་པ།། གར་བྱས་དེ་ནི་ཕྱབ་ནས་སུ།། སྐལ་བཟང་ཧཱུ~ཾ་ཞེས་བྱ་བའི་གུས།། མཆོད་པ་ཐམས་ཅད་དབུལ་བར་བྱ།། ལག་པ་གཡས་གཡོན་གཉིས་དག་གི།། མཛུབ་མོ་མཐེའུ་ཆུང་མཛེས་བསྒྱུར་བའི།། རྡོ་རྗེའི་ཐལ་མོ་སྦར
278b4 ནས་སུ། དེ་ནི་གཡོན་དུ་བསྒྱུར་བར་བྱ།། རྡོ་རྗེའི་སྦྱོར་བས་བཏེགནས་སུ།། སྤྱི་བོའི་མཚམས་སུ་གཞག་པར་བྱ།། སྐལ་བཟང་ཧཱུཾ་ཞེས་བྱ་བའི་གླུས།། མཆོད་པ་ཐམས་ཅད་དབུལ་བར་བྱ། ལག་པ་གཡས་གཡོན་གཉིས་དག་གི། མཛུབ་མོ་མཐོ
278b5 རྒྱང་མ་ཛེས་བསྐུར་ཏེ།། རྡོ་རྗེའི་བྲལ་མོ་གྱེན་དུ་དགྲོལ།། མཆོད་པ་གཏོར་མ་ཀུན་གྱི་ཚལ། དུར་ཁྲོད་ཛ་ལུགས་གར་བྱེད་པ།། རྦ་བྱད་འདི་ཡིས་གང་བྱེད་ཅིང་། སྐལ་བཟང་རྡོ་རྗེ་དྲག་པོར་བཀོད།། མཆོད་པ་ཐམས་ཅད་ད་བྲལ་བར་བྱ།། ལག་པ་ག
278b6 གཡོན་གཉིས་དག་གི།། མཛུབ་མོ་མཐེའུ་ཆུང་མཛེས་བསྒྱུར་ཞིང་།། གཡས་གཡོན་ཐལ་མོ་བརྡབ་པ་ཡིས།། མཆོད་པ་ཐམས་ཅད་དབུལ་པར་བྱ།། གར་གྱི་དབང་ཕྱུག་གོ།། ལག་པ་གཡས་གཡོན་གཉིས་དྲུག་གི། མཛུབ་མོ་མཐེའུ་ཆུང་མཛེས
278b7 བསྒྱུད་ཏེ།། རྡོ་རྗེ་རིན་ཆེན་ཐལ་སྦྱར་ཏེ།། མཆོད་པ་ཐམས་ཅད་དཔྲལ་བ་བྱ།། དཔལ་རྡོ་རྗེ་རིན་ཆེན་ཏེ།། ལས་དང་ཐུན་མོང་སྟེ། མཆོད་པ་ཐམས་ཅད་པེ་སྤྱིའི་ཆོ་གལ། དེ་ནས་ཕྱག་རྒྱ་ཤེས་པས་ནི།། དཔལ་ལྡན་རྡོ་རྗེ་མཆོག་གི་རྨ




iiif viewer powered by OpenSeadragon

278a - 279a

Texts on this page

Gdg012.6 - rgyud kyi rgyal po chen po las kyi phreng ba