e-texts navigator
Collection
Volume
Page
Wylie

277b1 པའང་རུང་།། སྣ་ཚོགས་རབ་ཏུ་ལེགས་པ་ཡི།། མཚན་མའི་ཕྱག་རྒྱ་བཏག་པར་བྱ།། དབུ་རྒྱན་རིགས་བདག་རྣམ་སྣང་མཛད།། སྙན་ཆ་མགུར་ཆུ་སྐད་མཐའ་ཡས།། ཕྱག་གདུབ་ཕྲེང་བ་རྡོ་རྗེ་སེམས།། ཀླུ་ཡི་སྒྲ་རགས་རིན་ཆེན་འབྱུང་།། རྐང
277b2 གདུབ་དོན་ཡོད་གདོན་མི་པ།། བྱང་ཆུབ་ལྕམ་དྲལ་རིགས་ལྔས་སྦས།། བདུད་འདུལ་སྟོབས་མཆོག་ཐེག་པ་མཆོག་གི་རྒྱན།། དཔའ་བརྗིད་མཉེན་ལྕག་འཁྲིལ་པ་ཡུམ་གྱི་རྒྱན།། དཔའ་བརྟུལ་ཟེ་བྱེད་ཡེ་ཤེས་ཐུགས་རྗེའི་རྒྱན།། མི་འཁོར་བྱང་ཆུབ
277b3 སེམས་ཀྱི་རྒྱན་དུ་བསྟན།། སྐུ་གསུམ་ཐེག་གསུམ་དུག་གསུམ་དབང་འཚད་སྒྲོལ།། དོན་དམ་བཅུད་ཉིད་ཆགས་ཚུལ་ཐུགས་རྗེའི་རྒྱན།། འདུལ་བྱེད་ཕྲིན་ལས་རྒྱན་ཏེ་རྣམ་པ་བརྒྱད།། འཇིགས་བྱེད་ལགས་པའི་རྟགས་སུ་བསྟན་པ་ཡིན།། རྣལ་འབྱོར་བཟའ
277b4 བའི་རྣམ་པ་མང་པོ་ནི།། ཨ་མྲ་སྨིན་པ་གྲོལ་བར་བཤད།། འབྲས་བུ་ཆེན་པོ་པ་ནས།། རྒུན་འབྲུ་ཁྱབ་ཁུ་བའི་མཆོག། ན་ལི་ཀེར་དངོས་གྲུབ་མཆོག། དམ་ཆོས་འབྲས་བུ་ཨ་རུ་ཀ། ཨ་མྲ་རྒུན་འབྲུམ་པ་ན་ས།། ན་ལི་ཀ་ར་ཨ་རུ་ཀ། འབྲས་བུ་ཆེན་པོ
277b5 ཁྱད་པར་དག། བདུད་རྩི་འབྲས་བུ་ཡིན་པར་བཤད།། དཀར་རྩི་དམར་གྱི་དྲི་ཤ་ཆེན།། དག་པའི་སྣོད་ཆུ་དམ་པའོ།། རྩ་བ་འབྲས་བུ་སྡོང་བུ་དང་།། བཟའ་བ་བཅའ་བ་སྤྱད་པར་བྱ།། དཔའ་བོ་དཔའ་མོའི་བཏུང་བ་ནི།། རྣལ་འབྱོར་པ་ཡིས་བཏུང་ཞིང
277b6 མཆོད།། ཆང་ནི་སྒེག་མོ་ཡིན་པར་བཤད།། རབ་ཏུ་རྨོངས་པ་སྦྲང་རྩིའོ།། བུ་རམ་ཆང་ནི་མྱོས་བྱེད་གསུངས།། རྒུན་ཆང་དག་ནི་བདུད་རྩི་ཡིན།། གླུ་ནི་ཚིག་ཏུ་བརྗོད་པར་བྱ།། དར་དིར་དག་ནི་སིལ་སྙན་ཡིན།། རྡོ་རྗེ་སེམས་དཔའ་དཔལ་སྦྱོར་བའི།།
277b7 དང་སིལ་སྙན་གར་བྱེད་པ།། བརྡའ་ཡི་དམ་པར་བཤད་པ་ནི།། ཧཱུཾ་ལ་སོགས་པའི་གླུ་བླང་འོ།། རབ་ཏུ་ཞི་བསིལ་སྙད་གླུ།། ཨོཾ་གྱི་གླུ་ཡི་ཕྱག་རྒྱ་ནི།། ཚངས་པའི་དབྱངས་ཀྱིས་ཅི་དགར་བླང་།། གར་ནི་ཤིན་ཏུ་རྣམ་སྐུལ་ལོ།། མི་ཡི་དབང་པོའི




iiif viewer powered by OpenSeadragon

277a - 278a

Texts on this page

Gdg012.6 - rgyud kyi rgyal po chen po las kyi phreng ba