e-texts navigator
Collection
Volume
Page
Wylie

277a1 དཔུང་རྒྱན་སྙན་ཆ་དོ་ཤལ་དང་།། སེ་མོདོ་དང་མེ་ཏོག་རྒྱན།། བྱང་ཆུབ་ཡན་ལག་བདུན་དུ་བཤད།། བདག་འཛིན་གཞན་རྟོག་བཏང་སྙོམས་ལས།། རང་བཞིན་རྣམ་པར་དག་པརྟོགས།། སྒྲིབ་གཉིས་ཉེས་སྐྱོན་སྤངས་པས
277a2 ན།། ཡེ་ཤེས་གོས་ནི་དཀར་པོར་བསྟན།། ཚོགས་པ་ཆགས་མེད་སྤངས་ནས་ནི།། ཐུགས་རྗེས་ཐམས་ཅད་ཆགས་མེད་པས།། དབང་དུ་ཁྱེར་ཡང་མ་ཆགས་ཏེ།། ཚུལ་ཁྲིམས་གོས་ནི་དམར་པོ་ཡིན།། བདག་ཏུ་མི་འཛིན་བྱམས་པ་ཡིས།། ཡན་ཏན་ཡི་དང
277a3 གཏེར་ཆེན་འཕྲོ།། ཀུན་གྱི་དེ་འདོད་སྐོང་པའི་ཕྱིར།། སྦྱིན་པའི་གོས་ནི་སེར་པོར་བསྟན།། གཉིས་མེད་ལས་ཀྱི་ཐུལ་པ་ཡིས།། ཇི་ལྟར་སྤྲུལ་ཞིང་མཛེས་མཛད་པས།། འགྲོ་ཀུན་དཔེ་ལ་དགོད་པའི་ཕྱིར།། བརྩོན་འགྲུས་གོས་ནི་ལྗང་གུ་ཡིན།། ཆོས་ཉིད་དང
277a4 ལ་བཅོས་སུ་མེད།། ཁ་དོག་མཐིང་ག་བམྱུར་དུ་མེད།། མི་འགྱུར་མི་ཤིགས་རང་བཞིན་པས།། ཤེས་རབ་གོས་ནི་མཐིང་ག་ཡིན།། དེ་ཡི་ཁ་དོག་གོས་ལྔར་བགོས།། དེ་ནས་རྒྱན་གྱི་ཆོས་ལྔར་བརྒྱན།། ཐུགས་ཀྱི་ཤེས་བྱ་ཟེའུ་ལྡི་བཅོད་པན་དང་།། ཡོན་ཏན
277a5 གཟི་མདངས་སྟོད་གཡོགས་དང་།། སྐུ་བརྗིད་ཚུལ་གྱི་ཆོས་གོས་དང་།། གསུང་ཐུགས་རྗེས་ཆགས་སླད་དཀྲིས་དང་།། མཛད་པ་གར་གྱི་གཙང་གོས་ཕུ་དུང་སྟེ།། འདི་རྣམས་རྒྱན་ཆས་དམ་པའོ།། ལས་རྣམས་རིགས་བཞི་མཐུན་པའི་ཆས།། དེ་བས་ཡུང
277a6 དག་མཛེས་པའི་མེ་ཏོག་ཕྲེང་།། དམ་ཆོས་རྣམ་འབྱེར་དབུ་རྒྱན་རིན་ཆེན་ཁྲིང་།། ཕྱག་གདུང་སྣ་ཚོགས་ལས་མཛད་བརྩོན་འགྲུས་ལྡན།། རིན་ཆེན་ཚོགས་སྒྲས་དབུ་རྒྱན་དྲན་པའི་ངང་།། སྙན་ཆ་ལུས་སེམས་བསིལ་བྱེད་ཤིན་ཏུ་སྤང་།། དོ་ཤལ་ཏིང་འཛིན་དབུས
277a7 མཆོག་ཕྲེང་བའི་རྒྱན།། བདག་འཛིན་བཏང་སྙོམས་སྤྲུལ་པའི་སེ་མོ་དོ།། བྱང་ཆུབ་འོད་འཕྲོ་ཤེས་བྱའི་ཅོད་པན་འཕུར།། ཁམས་ཀྱི་རང་བཞིན་ཐམས་ཅད་དང་།། སྲོག་དང་རྩ་བ་དེ་བཞིན་ཏེ།། བྱས་པའམ་ནི་བླུགས་པའམ།། བརྡུངས་པ་དང་ནི་བྲིས




iiif viewer powered by OpenSeadragon

276b - 277b

Texts on this page

Gdg012.6 - rgyud kyi rgyal po chen po las kyi phreng ba