| | e-texts navigator
|
276b1 དང་ནི་སྒྲུབ་ཆེན་ནོ།། གསང་བའི་ཐིག་ལེ་དཀྱིལ་འཁོར་དབྱིངས།། འབྱུང་བ་ཤེས་རབ་རིགས་ཀྱི་ཡུམ།། ཆེན་པོ་རིགས་ཀྱི་དེ་བཞིན་ཏེ།། བྱང་ཆུབ་སེམས་ནི་རྡོ་རྗེའི་ཚོགས།། ཆོས་སུ་མི་ཤིགས་སྲོག་འཛིན་ལ།། ཕྱི་རོལ་འབྱུང་བ་ལྔ་པོ་ཡུམ།། རྩ་བ་ཕུ
276b2 པོའི་རླུང་ལྔ་དང་།། ཡན་ལག་རྣམ་ཤེས་རླུང་ལྔར་སྤེན།། ལྷག་མར་བཅས་པའི་ལུས་ཉིད་ཀྱི།། ཚོལ་དབང་བའི་རིག་འཛིན་ཐོབ།། རྒྱལ་སྲས་དེ་ནི་འདོད་ནས་འཆི།། རིག་པར་བཅས་པའི་ཚེ་དེ་ནི། དེ་ཡི་ཚེ་ནི་བཅུ་དྲུག་ལས།། བརྒྱ་བརྒྱ་དག་ཏུ་བསྐུར་ནས
276b3 ནི།། བླ་མེད་བྱང་ཆུབ་ཐོབ་པར་བཤད།། ཡེ་ཤེས་ཐིག་ལེ་དེ་ཉིད་ལ།། ཡེ་ཤེས་ཐིག་ལེ་ཉིད་སྡང་བའོ།། ཡེ་ཤེས་ཆེན་པོ་མདུན་ནས་ཀྱང་།། དེ་ལྟར་མཐོང་བར་གྱུར་ན་ཡང་།། རྒྱབ་ནས་འབྱུང་བའི་ཡེ་ཤེས་ནི།། མ་དང་ལྷ་དང་ཚངས་པ་ཡི།། སྐྱེ་བ་རྣམ
276b4 དག་འཛིན་མོད་ཀྱི།། ཁྱད་པར་ས་ལ་གནས་འགྱུར་ཡིན།། མི་འགྲུབ་པ་ཡི་གེགས་བསལ་ཏེ།། མ་དུད་པ་དང་ལེ་ལོ་དང་།། བྱང་ཆུབ་སེམས་ནི་མ་སྐྱེས་དང་།། ཐེ་ཚོམ་ཡོད་པ་ཅན་ཉིད་ནི།། བསྲུབ་པར་བྱ་བའི་གེགས་སུ་འགྱུར།། འགྲུབ་པའི་དུས་ནི་རབ
276b5 བཤད་ན།། ཞག་ནི་སུམ་ཅུ་བྲག་དྲུག་གམ།། བཅུ་བཞི་བཅོ་ལྗང་བུ་དྲུག་གིས།། དབང་བསྐུར་རིགས་ཀྱི་དམ་པ་འགྲུབ།། དེ་ཚེ་བཅོ་ལྔ་ཚུན་ཆད་ཀྱི།། སྐྲ་ལྔ་ལྷུན་གྱིས་རྫོགས་པའོ།། དེ་ནས་བདེ་གཤེགས་སངས་རྒྱས་ཀྱིས།། འབྱོར་ལྡན་ཡོ་བྱད་ཚོགས
276b6 བཤད་པ།། སྒྲུབ་པའི་ཡོ་བྱད་གསུངས་པ་ཡི།། བརྒྱད་དམ་བཞི་ཡི་བདག་ཉིད་ཅན།། སྒྲུབ་པའི་ཡོ་བྱད་རྣམ་བརྒྱད་དེ།། གོས་རྒྱན་བཟའ་བཏུང་གླུ་དང་ཆོག། བྲོ་གར་སོགས་ཀྱི་སྤྲིན་ཕུང་ལ།། ཧཱུ~ཾ་དང་ཤེས་པས་རང་སྤྱད་ནས།། ངོ་མཚར་འབྱུང་བའི་དཀྱིལ
276b7 འཁོར་མཉེས།། བགོ་བ་སྣ་ཚོགས་བཤད་པ་ནི།། དབང་རྒྱན་རིག་འཛིན་མང་ལྡན་པས།། ཚེ་ཡི་དམ་པ་འགྲུབ་པ་སྟེ།། གོས་ལྔ་དག་ཏུ་བཤད་པ་ནི།། ཡོ་བྱད་ཕྱི་མ་ཐམས་ཅད་དང་།། གོས་དང་རྐྱེན་ལ་སོགས་པའོ།། དབུ་རྒྱན་དང་ནི་ཕྱག་གདུབ་དང་།
iiif viewer powered by OpenSeadragon
276a - 277a