e-texts navigator
Collection
Volume
Page
Wylie

276a1 བར་བྱུང་ནི།། འཆང་མཁན་སྣོད་མ་རྟོག་པ་ཉམས་པའི་བདུད།། ཀམས་པ་བཅོལ་བྱེད་པ་ལས་ཀྱི་བདུད།། སྦྱོར་བ་ཤེས་རབ་མཛིན་ལྟ་བུའི་བདུད།། སྐོལ་བ་སྙིང་རྗེས་མཐན་སྦྱིན་པོའི་བདུད།། བདུད་བདའ་སྨྱོན་བསལ་དུང་ངན
276a2 བཅོམ་པ་ཡིན།། བདྨད་པ་ཞི་བ་ཅོམ་པས་ཚོགས་ཀྱི་མཁན་པ་རྣམས།། ཐམ་སློབ་མས་བྱུར་སྦྱིན་ཀྱང་པར་འཕགས།། དེ་ལ་ཆོག་བྱེད་པར་ཐུགས་པ་ནི།། ཚིག་ནི་རྫོགས་བྱས་ཤིང་།། བྱང་ཅན་རྫོགས་པ་དྨ་ལྡན།། སྔགས་ཀྱི་ཡན་འགཱ་གས
276a3 ཤིང་།། མ་ཉམས་འཇུག་ལ་རབ་བརྩོན་ན།། ཡན་ལག་མ་ཉམས་ཡོ་བྱད་ལྡན།། ཆོ་ག་རྫོགས་པར་ལྡན་པ་ཡི།། རྡུལ་འབྱོར་ཚོགས་པའི་དཀྱིལ་འཁོར་གྱིས།། ངེས་པར་ལེགས་པའི་དགོངས་པ་འགྲུབ།། སྲི་ཞུ་གུས་པས་སྒྱུ་མེད་སློང་དཔོན་མཉེས།།
276a4 ས་། ན
276a5 མཆོག་རབ་ཏུ་དབེན་ཞིང་ཡིད་འཐད་དང་།། གླང་ཆེན་ཁྱུ་མཆོག་ལ་སོགས་ནི་ཁྲོའི་གདན།། རྩག་མཚན་འཕན་མེད་མ་ཡོ་རྫོགས་པ་དང་།། གསོ་བའི་ཟས་དང་རྐྱེན་བཟློག་སྨན་རྣམས་སོ།། དོན་དམ་གཉིས་སུ་མེད་པར་བྱང་ཆུབ་པའི།། རྟགས་སུ་ཟླ་དཀྱིལ་རྡོ
276a6 ཡིག་འབྲུས་མཚན།། སྐུར་གྱུར་ཕྱག་རྒྱ་གསུམ་འཕྲོ་འོད་ཟེར་ལས།། ལྔ་སྟེ་རིགས་ལྔའི་མཚན་རྟགས་བདུན་དུ་བགྲང་།། དེ་ལ་ཤེས་པ་ཕུན་སུམ་ཚོགས་པ་ནི།། ཤེས་འཇུག་མཚན་ཉིད་འབྱོར་པའི་སྐུ།། འབྲས་བུ་སྨིན་བྱེད་རྒྱུ་དང་རྐྱེན།། ནུས་མཐུ་ཅན
276a7 དུ་གང་གྱུར་པ།། རིག་འཛིན་རྒྱལ་བའི་ཞིང་དུ་གྲགས།། རྒྱུ་གཅིག་པ་དང་ཡིག་འབྲུའི་ཚུལ།། བྱིན་གྱིས་བརླབས་དང་མངོན་སུམ་པ།། རབ་ཏུ་རྟོགས་པ་རྣམ་པ་བཞི།། ཐམས་ཅད་མངོན་རྫོགས་རྒྱལ་པོ་ཆེ།། བསྟན་པ་དྲང་ནི་ཉེད་སྤེན་པ།། སྐ




iiif viewer powered by OpenSeadragon

275b - 276b

Texts on this page

Gdg012.6 - rgyud kyi rgyal po chen po las kyi phreng ba