e-texts navigator
Collection
Volume
Page
Wylie

275a1 ལུགས་རྣམ་པ་གསུམ་རྟོགས་པས།། རྡུལ་འབྱོར་དང་ལུས་ཚོགས་འཁོར་བསྒྲུབ་པའི་དུས།། བྷ་དང་ཡི་གཟིག་ལེ་རླུང་གི་དུས།། ལས་དང་སྐལ་བར་ལྡན་པས་རྟོགས་པར་བྱ།། དུས་རྣམས་འདི་ལྟར་ཤེས་པའི་གང
275a2 ཟག་རྣམས།། རྒྱུད་སྐྱེ་བཅོ་བརྒྱད་ཚོགས་ཀྱི་འཁོར་ལོ་བསྒྲུབ།། ཅེས་གསུངས་སོ།། ཀུརྨ་མཱ་ལེའི་རྒྱུད་ལས། དུས་ཀྱི་དཀྱིལ་འཁོར་གྱི་ལེན་སྟེ་གཉིས་པའོ།། ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚོགས་ཀྱི་དཀྱིལ་འཁོར་འདི་དག་འགྲོབ
275a3 དོན་དུ་སྐུ་གསུང་ཐུགས་ཡོན་ཏན་ཕྲན་ལས་ལས་ཕྱུང་ནས་ཆེད་དུ་བརྗོད་དོ།། སྐལ་ལྡན་མི་དང་འབྱོར་ལྡན་དང་།། དགའ་ལྡན་ལྷ་མོ་ཚོགས་ཏེ་རྣམ་གསུམ་མོ།། སྐལ་ལྡན་མི་ཡི་ཚོགས་ལ་བརྒྱད།། མི་ཆུང་བ་ཡི་སྐྱོན་དགུ་བསལ།། འདུ་བའི་ཡོན་ཏན་དྲུག
275a4 ལྡན་པ་ལྔ།། དེ་ཡི་སྤྲོད་པ་བསྟན་པ་དང་།། འདུས་ལ་བརྟག་བཞིས་སྐྱོན་རྣམས་གསལ།། བདུད་བཞི་གཞོམ་པར་བྱ་བ་དང་།། ཆོ་ག་ཕུན་སུམ་ཚོགས་པར་བྱ།། ཤེས་པ་སན་སུམ་ཚོགས་པ་དང་།། མི་འགྲུབ་པ་ཡི་གེགས་བསལ་ཡན།། དེ་ནས་སྐྱོན
275a5 དགུ་གསལ་བར་གསུངས།། སྔགས་པས་བསྒྲིམས་ཏེ་བསལ་བ་ནི།། སྡོམ་ལ་གནས་པའི་དཀའ་ཐུབ་ཅན།། ཟས་དང་སྤྱོད་ལམ་མི་མཐུན་དང་།། ལྷ་སྤྱོད་མཐུན་ཡང་ནང་མི་མཐུན།། ཕྱི་ནང་ཅན་དང་གནོད་སྦྱོར་ཅན།། འདོད་པས་མོས་དང་ཟས
275a6 ལཱ་བརྐམ།། དད་མིང་བསྒོམ་བསྒྲུབ་མི་ནུས་པས།། འདི་དག་བསལ་བར་གསུངས་པའོ།། ཡང་འདི་དག་གསུངས་སོ།། ཉོན་མོངས་ཚེ་ཆད་ཏིང་འཛིན་གཡེལ་མི་འགྲུབ།། དམ་དུ་ལེན་དང་སྤྱོད་པའི་དམ་ཉམས་དང་།། གཉིས་ཀྱི་མི་འགྲུབ་མ་སྣང
275a7 གྲོལ་མ་འགྱུར།། ཤེས་དང་སྤྱོད་པའི་དེ་མཆོག་ཅེར་གྱུར་ཡང་།། ཟ་བའི་དམཉམས་མི་འགྲུ་བགེགས་པ་ཆེ།། གྱི་ཆོས་ལགས་གྲ་ཁོང་དྲུག་པར་ཆད་འབྱུང་།། འདོད་མོས་དོན་ནི་སྐང་འཇུག་སྔགས་སྤྱོད་རྫོག། སཽ་མཚོགས་ཀྱི




iiif viewer powered by OpenSeadragon

274b - 275b

Texts on this page

Gdg012.6 - rgyud kyi rgyal po chen po las kyi phreng ba