| | e-texts navigator
|
273b1 འཁོར་བ་དང་མྱ་ངན་འདས་པའི་ཁམས་ཐམས་ཅད་ལ་ཁྱབ་པར་མཛད་དོ།། ཁྱབ་པར་མཛད་ནས་ཡུམ་གྱི་བྷ་གར་འདུས་པར་གྱུར་པ་ལས། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའི་སྒྲར་ཤར་པ་ནི་འདི་ལྟ་སྟེ། དཀར་པོ་དང་། མཐི་ངག་དང་། དམར་པའི་ཞལ
273b2 དང་། རྡོ་རྗེ་དང་། འཁོར་ལོ་དང་། རིན་ཆེན་དང་། དྲིལ་བུ་དང་། པདྨ་དང་། རལ་གྲི་ཕྱག་དྲུག་ན་འཛིན་པ། ཞབས་རྡོ་རྗེ་སྐྱིལ་ཀྲུང་དུ་བཞུགས་པར་གྱུར་ཏོ།། དེ་ནས་གཞན་ཡང་བྱང་ཆུབ་སེམས་དཔའི་བདེ་བ་ལས་གྱུར་པའི་ཁྲོ་བོ་ཨཀྵོ་བྷ་བ་སྦྱར་ཤར་བ་ནི་འདི་ལྟ་སྟེ། དཀར
273b3 པོ་དང་། མཐིང་ནག་དང་། དམཱར་བའི་ཞལ་དང་། རྡོ་རྗེ་དང་། ཁ་ཊྭཱཾ་ས་དང་། རྔེའུ་ཆུང་དང་། དུ་ད་མར་དང་། རྒྱུ་ཞགས་དང་། ཁྱུང་གི་ཁྭ་ཕྱག་དྲུག་ན་འཛིན་པ། ཞབས་བརྐྱང་བསྐུམ་དུ་བཞུགས་པར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང
273b4 རྐྱེན་པོས་གསང་བའི་སྔགས་འདི་ཉིད་སྟེ་སྐུ་གསུང་ཐགས་རྡོ་རྗེ་ལས་བྱུང་ངོ་། པ་ཛཱཀ། བཛྲ་ཨ་ཀྲཱྀརྫཱ་རྠ་དྷཱིཿབཛྲེ་ཛཾཀ། བྷིས་བརྗོད་པ་འི་ཐོབ་ཨ་ཉྩོ་གྷྲཱ་པས་རྡོ་རྗེ་སེམས་དཔའ་ལ་ཐིམ་པར་གྱུར་བ་ལས། སངས་རྒྱས་ཐམས་ཅད་ཀྱི་དཀྱིལ་འཁོར་གྱི་བདས
273b5 པོ། བཅོམ་ལྡན་འདས་ཞེ་སྡང་རྡོ་རྗེའི་སྒྲར་ཡོངས་སུ་རྫོགས་པ་ནི་འདི་ལྟ་སྟེ། དཀར་པོ་དང་། མཐིང་ཤྲན་དང་། དམར་པོའི་ཞལ་ཅན། གཡས་ན་རྡོ་རྗེ་དང་། ཞགས་པ་དང་། ལྕགས་སྒྲོག་དང་། གཡོན་ན་བྷན་དྷ་དང་། དགྲ་སྟ་དང་། ལྕགས་ཀྱུ
273b6 བསྣམས་པཞི་ཁྲོ་འདྲེས་པའི་སྐུར་གྱུར་ཏོ།། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུམ་རྡོ་རྗེ་དབྱིངས་ཕྱག་མ་ཡང་སྟོན་པ། ཞེ་སྡང་རྡོ་རྗེ་དང་གཉིས་སུ་མེད་པར་སྒྲ་ལ་འཁྲིལ་ཏོ།། དེ་ནས་ཡུམ་རྡོ་རྗེ་དབྱིངས་ཕྱག་མས་འདི་སྐད་ཅེས་གསོལ་ཏོ།། ཆོས
273b7 དང་གང་ཟག་བདག་མེད་མཁྱེན།། གཟུང་འཛིན་སྒྲིབ་པ་གཉིས་སྤངས་ཤིང་།། བྱམས་པས་འགྲོ་ལ་ཐུགས་རྟག་རྗེ།། གདོད་ནས་དོན་མཛད་མཐར་ཕྱིན་པ།། པད་ལྟར་འདམ་སྐྱེས་སྐྱོན་མི་གོས།། མི་གནས་དབྱིངས་ལ་ཕྱག་འཚལ་ལོ།།
iiif viewer powered by OpenSeadragon
273a - 274a