| | e-texts navigator
|
273a1 རྒྱ་གར་སྐད་དུ།། ཏནྶཪྵ་ད~ཾ་མ་ཧཱ་ཀརྨམཱ་ལ་ན་མ། བོད་སྐད་དུ། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་ཀྱི་ཕྲེང་བ་ཞེས་ཐབ། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན།
273a2 བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྒྲ་དང་། གསུང་དང་། ཐུགས་དང་། ཡོན་ཏན་ཕྲིན་ལས་མ་ལུས་པའི་བདག་ཉིད། ཡང་དག་པར་རྫོགས་པའི་སངས་རྒྱས་ལོངས་སྤྱོད་ཆེན་པོའི་བདག་པོ། དཔལ་རྡོ་རྗེ་འཆང་ཆེན་དེ་ནི། འགྱུར
273a3 པ་མེད་པ་རྡོ་རྗེ་ཐ། དེ་བབློ་གཤེགས་པ་ཐམས་པད་ཅི་མེད་པའི་བདེན་ཉིད་ཅན་དེ། འདི་ས་ཇིག་ཙུན་པོ་ག་ནམ་པར་དག་པ་པ་བང་ཆེན་པའི་དང་དུ་སྐམས་པར་ཞུགས་ཤིང་། བྱང་ཆུབ་སེམས་དཔའ་སེམས་དཔའི་ཆེན་པའི་འང་ངུ
273a4 དང་བཅས་པ་ནི། འདི་ལྟ་སྟེ། དམ་ཚིག་རྡོ་རྗེ་དང་། ལུས་རྡོ་རྗེ་དང་། ངག་རྡོ་རྗེ་དང་། སེམས་རྡོ་རྗེ་དང་། ཏིང་ངེ་འཛིན་རྡོ་རྗེ་དང་། རྒྱལ་བའི་རྡོ་རྗེ་དང་། ས་རྡོ་རྗེ་དང་། ཆུ་རྡོ་རྗེ་དང་། མེ་རྡོ་རྗེ་དང་། རླུང་རྡོ་རྗེ་དང་། ནམ་མཁའ་རྡོ་རྗེ་དང་། གཟུགས་རྡོ་རྗེ་དང་།
273a5 སྒྲ་རྡོ་རྗེ་དང་། དྲི་རྡོ་རྗེ་དང་། རོ་རྡོ་རྗེ་དང་། རེག་བྱ་རྡོ་རྗེ་དང་། ཆོས་རྡོ་རྗེ་ལ་སོགས་པ་ཐམས་ཅད་དང་ཐབས་ཅིག་ཏུ་བཞུགས་སོ།། གཞན་ཡང་དེ་བཞིན་གཤེགས་པའི་འཁོར་རྡུལ་སྙེད་དང་བཅས་པ་ནི། འདི་ལྟ་སྟེ། རྣམ་པར་སྣང་མཛད་དང་། མི་བསྐྱོད་པ་དང
273a6 དཀོན་སཆོག་དཔལ་དང་། ཚོད་པཀུ་མེད་དང་། དོན་ཡོད་གྲུབ་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་དང་། ཐབས་ཅིག་ཏུ་བཞུགས་སོ།། དེ་ནས་བཅོམ་ལྡན་འདས་དཔལ་རྡོ་རྗེ་འཆང་ཆེན་པོ་དེ་ཉིད། འདོད་ཆགས་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས
273a7 པར་ཞུགས་ནས། རྡོ་རྗེ་བཙུན་མོའི་ཚོགས་དང་འཁྲིལ་བ་ནི། འདི་ལྟ་སྟེ། སངས་རྒྱས་སྤྱན་དང་། མཱ་མ་ཀཱི་དང་། གོས་དཀར་མོ་དང་། སྒྲོལ་མ་དང་བཅས་པ་ལ་བདེ་བ་དང་མཆོག་ཏུ་བདེ་བ་དང་། བདེ་བྲལ་གྱི་བདེ་བ་དང་། ལྷན་ཅིག་ཏུ་སྐྱེས་པའི་བདེ་བས
iiif viewer powered by OpenSeadragon
272b - 273b