| | e-texts navigator
|
268a1 །། གྲཧྞ་དང་། ཏི་མ~ཾ་ལྀ་སྟེ། འདི་རྣམས་ཀྱིས་རྒྱས་བཏབ་ན་ཐམས་ཅད་དུ་རྗེས་མྱ་ཆགས་པ་དང་། དབང་དུ་མེད་པ་བྱུང་། འབེབས་པ་དང་། རིམས་དང་། དྲུག་དང་། སྦར་དྲུག་དང་། གདོན་ལུས་གྲོལ་བ་དང་། གསོད་པ་དང་། འཐབ་ཟོ་པས་རྣམ་པར
268a2 རྒྱལ་བ་དང་། ཕུན་སུམ་ཚོགས་པ་ཐམས་ཅད་ཐོབ་པ་ཡིན་ནོ་ཞེས་བྱ་བ་གསུངས་སོ།། འདོད་ཆགས་ཆེན་པོ་རྣམ་དག་ཕྱིར།། རྡོ་རྗེ་སེམས་དཔའ་ཆེན་པོ་ཡིན།། ཕྲག་རྒྱའི་རྟོག་པ་རབ་ཏུ་བརྟགས།། རྡོ་རྗེ་སློབ་དཔོན་སློབ་མ་མཆོག། དེ་ཉིད་དང་པའི་རྗེས་འབྲངས་ལ།།
268a3 རྟོགས་པ་ཙམ་གྱིས་སྐད་ཅིག་གིས།། དོན་ཡོད་ཀུན་གྲུབ་བདེ་བར་གསོལ།། ཞེས་བྱའོ།། དཔལ་མཆོག་དང་པོ་ལས་མཆོག་ཏུ་གྲུབ་པ་ཞེས་བྱ་བའི་ཕྱག་རྒྱའི་རྒྱུང་རྫོགས་སྷོ།། །། དེ་ནས་མཆོག་ཏུ་མཁས་ཤིང་མཐའ་ལས་འདས་པ་ཚད་མེད་ཅིང་གཞལ་དུ་མེད་པ་མ
268a4 ལུས་ཤིང་ལུས་པ་མེད་པའི་མཆོག་གི་དངོས་ཀུབ་ཆེན་པོའི་དདག་ཉིད་ལ་སོགས་པའི་དངོས་གྲུབ་ཐམས་ཅད་ཀྱི་ལས་ཀྱི་ཚོགས་མཆོག་ཏུ་དམ་པ་གྲུབ་པ་ཞེས་བྱ་བ་རྡོ་རྗེ་གང་ལས་བྱུང་བའི་ཚོགས་ཐམས་ཅད་ཀྱི་ཕྱག་རྒྱ་སྟོང་བཤད་པར་བྱའོ་ཞེས་བྱ་བ་བཅོམ་ལྡན་འདས་རྡོ་རྗེ་སེམས
268a5 དཔས་གསུངས་སོ།། ཕྱག་རྒྱ་ཆེན་པོ་མཉམ་གཞག་ནས།། སྒེག་བཅུས་འཛུམ་སོགས་བཀྲོལ་བ་ཡིས།། ལས་ཀྱི་ཕྱག་རྒྱ་ཆེན་པོ་བརྒྱ།། ཐམས་ཅད་གྲར་གྱིས་བསྐྱབ་པར་བྱ།། བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་ལྕགས་ཀྱུས་ཁྱད་པ་དུ་ལས་ཀྱི་ཕྱག་རྒྱ་བཅིང་བ་སྟེབརྒྱ་ཕྲག
268a6 དང་པོ་མཆོག་ཏུ་བསྒྲུབས་ཏེ་རྡོ་རྗེད་མཛོད། ཨཱ་མོ་རྣམས་ཀྱི་ཕྱག་རྒྱུའོ།། རྡོ་རྔ་བསྐམས་པ་བསེངས་ནས་ནི།། ཁ་སྒྱུར་ནང་དུ་གསལ་བ་སྟེ།། མཐག་དང་པ་ལི་གསང་ཆེན་གྱི།། ལུས་སྤྱི་ཕྱག་རྨ་རྟ་གཞན་ཕྱིན།། ཞེས་བྱ་བ་ཇི་ཛིས་མོགསང་འཐམས་ཅད་ཀྱི་ཕྱག་ཏུ་།།
268a7 རྡོ་རྗེ་ལས་ཀྱི་མཆོད་པོ་ཚང།། ཟིལ་མོས་སྤྱི་བོར་བཟུང་ནས་ནི།། ལས་ཀྱི་ཕྱག་རྒྱ་གྲུབ་པས་ན།། དབང་པོ་རྣམས་དང་སྤངས།། ཞེས་བྱ་བ་རྗོ་ཐམས་ཅད་ཀྱི་མཆོད་པ་ཆེན་པོའི་ལྷ་མོ་རྣམས་ཀྱི་རྒྱག་རྒྱའོ།། རྡོ་རྗེབ་སྒྲིམས་པས་གང་བྱ་ཞིང་།། སྒེག་བཙས་མ
iiif viewer powered by OpenSeadragon
267b - 268b