| | e-texts navigator
|
267a1 ལེགས་པར་བཟུང་བས་མཐོབ་ནི་དཔལ་དགུག་པ་དང་དབང་དུ་བྱེད་པའོ།། རྡོ་རྗེ་གནོད་སྦྱིན་གྱི་རྒྱལ་མོ་དེ་ཉིད་ཀྱིས་ནོར་ཐམས་ཅད་དང་དཔལ་དབྲོག་པའོ།། དེ་ཉིད་ཀྱི་དབུས་མ་གཉིས་ཀྱིས་སྲིན་ལག་གཉིས་ཀྱི་རྩེ་མོ་ཡོངས་སུ་བཅར་བས་བདུད་ལ་སོགས་པའི་གདོན
267a2 ལས་གྲོལ་བ་དང་། དབང་དུ་བྱས་ནས་ལས་ཐམས་ཅད་ལ་སྦྱོར་བའོ།། རབ་ཏུ་དགའ་བའི་རྡོ་རྗེས་ཡུལ་ཐམས་ཅད་ཀྱི་མཆོག་བསྒྲུབ་པའོ།། དེ་ནས་གསང་བའི་ཕྱག་རྒྱ་རབ་ཏུ་དགའ་བའི་རྡོ་རྗེ་ལས་བྱུང་བའོ།། སེམས་དཔའ་མནན་ནས་རྡོ་རྗེ་ལྷ་མོ་རོལ་དུ་གཞུག་པའོ།། དེ་ཡང
267a3 རབ་ཏུ་དགའ་བའི་རྡོ་རྗེ་ཆེན་པོས་རྒྱས་བཏབ་པས་སོ།། རྡོ་རྗེ་དང་བཅས་པའི་རབ་ཏུ་དཀའ་བའི་རྡོ་རྗེས་སོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆགས་པ་དང་བྲལ་བ་དེ་འཁོར་ལོས་སོ།། མཛུབ་མོ་དང་། དབུས་མ་དང་། སྲིན་ལག་གི་འཁོར་ལོ་བསྒྲེང་བར་བྱས་ལ་མཐོལ
267a4 དང་། མཐེའུ་ཆུང་མཉམ་ལ་དྲལ་བར་བྱ་སྟེ། རབ་ཏུ་དགའ་བའི་རྡོ་རྗེ་བསླབ་པ་དེ་ཁོ་ན་ཉིད་ཀྱིས་རྒྱས་བཏབ་ཅིང་བསླབ་པར་འགྱུར་ངོ་རོ།། བཅིང་བ་ན་འདོད་པ་ཐམས་ཅད་རབ་ཏུ་སྒྲུབ་པར་བྱེད་པའོ།། མཛུལ་མོ་ལྕགས་བྱས་འདོད་པ་ཐམས་ཅད་ཀྱི་འདེ་བ་དགྲག་པའོ།། མཛའ
267a5 མོས་ཕྲག་དོག་ལ་སོགས་པའི་འདོད་པ་ཐམས་ཅད་ཀྱི་སྡུག་བསྔལ་རབ་ཏུ་ཞི་འོ།། དག་ཏུ་བསྐྱོད་པས་རབ་ཏུ་དགའ་བ་འབེབས་ཤིང་དེ་ནས་བསྐྱབ་པའོ།། སྐྱེ་གནས་གཡོ་བས་བུད་མེད་དང་སྐྱེས་པ་དག་གིས་རབ་ཏུ་དགའ་བ་ལ་འཇིག་རྟེན་ལས་འདས་པའི་འདོད་པ་ཐམས་ཅད
267a6 བདེ་བ་ཆེན་པོ་ཤིན་ཏུ་མཐའ་ལས་པའོ།། ཁ་སྐོར་འབྱོར་བས་ཅི་སྲིད་འཇོང་འབར་དུ་འདུས་པ་དང་བྲལ་བ་ཡང་ངོ་།། རྒྱགས་ཀྱི་སེན་རྫོག་ཡོན་པའི་མཐིལ་བྲུད་པས་ཤིན་ཏུ་བརྟན་པའི་འདོད་པ་ལ་ཆགས་པ་ཉིད་དུ་འགྱུར་རོ།། གཞན་གྱི་འདོད་པ་ལ་མི་ལྟ་ཞེང་གཞན་ལ
267a7 འགྲོ་བར་ཤིན་ཏུ་འདེ་བ་དང་ཡི་བདེ་བསྟེར་བའི་བུང་མེད་ཐམས་ཅད་འགྲུལ་པར་འགྱུར་།། སྐྱེ་སནས་སུ་སེན་འོ་བྱུང་པས་སྐྱེས་བུརྣམས་སོ།། དེ་ནས་ཐམས་ཅད་ཅི་བདག་ཉིད་ཀྱི་གསང་བའི་ཕྱག་གྲུབཅུ་སྟེ།། དེ་ལ་ལུས་ཐམས་ཅད་ཀྱི་ཕྱག་རྒྱད་རྡོ་རྗེ་བཚུར་གཉིས་ཀྱིས
iiif viewer powered by OpenSeadragon
266b - 267b