e-texts navigator
Collection
Volume
Page
Wylie

182a1 དག་པར་འགྱུར་རོ།། ཁམས་གསུམ་རྒྱས་པར་སྤྲོས་པ་ཐམས་ཅད་ཀྱང་བཅོམ་ལྡན་འདས་ཀྱི་དཀྱིལ་འཁོར་ཆེན་པོར་གྱུར་ཏོ།། གངྒཱ་གས་སེམས་ཅན་ཐམས་ཅད་བདེ་བ་དང་། ཡིད་བདེ་བ་ཐོབ་པར་གྱུར་ཏོ།། དེ་ནས་རྡོ་རྗེ་འཆང་ཆེན་པོས་དེ་བཞིན་གཤེགས་པ
182a2 ཐམས་ཅད་ཀྱི་དོན་ཡོད་ཅིང་ཐོགས་པ་མེད་པ་ལས་མངོན་པར་བྱུང་བ། རྡོ་རྗེ་ཆེན་པོ་ཕྱག་རྦྷེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམ། པར་ཞུགས་ཏེ། བད་བ་ཆེན་པོ་རྡོ་རྗེའི་དམཚིག་ཅེས་བྱ་བ་རྣམ་པར་གནོན་པར་མཛད་ནས། དེའི་སྒྲ་ཐམས་ཅད་ལས་དངོས་གྲུབ་ཐམས་ཅད་དང་། བདེ་བ་དང་ཡིད
182a3 བདེ་བ་སྟེང་བརྟག་ཏུ་རྗེས་སུ་འབྲེལ་བ་ཅན་ལྷན་ཅིག་ཏུ་སྟོང་བ། བདེ་བ་ཆེན་པོ་རྡོ་རྗེའི་དམཆོག་གི་སེམས་དཔར་རྣམས་ཕྱུང་ནས་ཕྱོགས་ཐམས་ཅད་དུ་བླང་སྟེ། མདུན་རྡོ་རྗེགསང་བ་ཡིད་ལས་བྱུང་བ། གཡས་སྟོ་རྡོ་རྗེ་ཀི་ལི་ཀ་ལི། རྒྱབ་ཏུ་འདོད་པའི་རྡོ་རྗེ། གཡོན་རྡོ་རྡོ་རྗེ་བསྒྱིངས་པའོ།།
182a4 མཚམས་རྣམས་སུ་མཐོད་པའི་ལྷ་མོ་རྣམས་སོ།། ཕྱི་རོལ་གྱི་ཁ་ཁྱེར་མཚམས་སུ་ལྷའི་བུ་མོ་རྣམས་སོ།། སྒོ་སྲུང་བ་རྣམས་ན་རྡོ་རྗེ་ལྕགས་ཀྱུ་དང་། ཞགས་པ་དང་། ལྕགས་སྒྲོག་དང་། དྲིལ་བུ་འཛིན་པའོ།། ཕྱི་རོལ་དུ་རྡོ་རྗེ་སྒོ་སྲུང་གི་རྫོགས་དང་། ཕོ་ཧ་དང་བེན་རྣམས་སོ།།
182a5 ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁུ་ཚུར་བཅིངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་བྱང་ཆུབ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལྔ་སྙོམས་པར་ཞུགས་ནས། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་རྡོ་རྗེ་འཆང་ཆེན་པོ་ལ་གསོལ་པ་བཏབ་སྟེ།
182a6 སེམས་ཅན་ཀུརྣལ་བ་དེ་དོན་དུ།། རྒྱལ་བ་ཆེན་པོ་འབྱུང་བ་སྟེ།། ཆགས་བྲ་པཱ་དེ་རྣམས་ཆགས་ལྡན་ཡང་།། རང་གི་བཙུན་མོ་འང་གསོལ་མཛད་པས།། དེའི་ཕྱིར་བདག་གིས་ཁྱོད་ལ་གསོལ།། བདེ་བཆེན་པོ་རྡོ་ཆེ།། གསང་བའི་རྟོག་པའི་དངོས་གྲུབ་སྟེ།། འདུལ་བ་མཆོག
182a7 ནི་བཤད་དུ་གསོལ།། དེ་ནས་བཅོམ་ལྡན་འདས་དོན་ཡོད་ཅིང་ཐོགས་པ་མེད་པའི་བཀའ་བདེ་བ་ཆེན་པོ་ཐམས་ཅད་ཀྱི་དངོས་བུ་འདུལ་བ་རྡོ་རྗེ་འདོད་པའི་མཆོག་ཅེས་བྱ་བའི་རྣམ་པར་གནོན་པར་མཛང་ནས། རྡོ་རྗེ་གསང་བ་ཆེན་པོའི་དམཚིག་ཅེས་བྱ་བའི་དཀྱིལ་འཁོ་ཆེན་པོ་འཇིགསུ




iiif viewer powered by OpenSeadragon

181b - 182b

Texts on this page

Gdg012.5 - dpal mchog dang po'i sngags kyi rtog pa'i dum bu