e-texts navigator
Collection
Volume
Page
Wylie

181a1 འདྲ་རོ།། བད་ག་ཆེན་པོ་དངདུན་ཡོད་པ་དས་རྒྱག་དཔལ་མཆོག་དང་པོ་ལས། དེ་བཞིན་ག་ཤེགས་པ་བ་མས་ཀྱི་བདེ་བ་ཆེན་པོ་རྫོགས་པའི་ཤེས་ད་ཀྱ་པ་རོལ་ཏུ་མུན་པར་མརྟགས་སོ།། ། དེ་ནས་སོམ་ལྡན་འདས་དེ་བཞིན་གཤེག
181a2 པ་ཐམས་ཅད་ཀྱི་རྡོ་རྗེ་སེམས་དཔའ་བྱིན་གྱིས་བརླབས་པའི་རྡོ་རྗེ་གསང་བ་མཆོག་གི་དང་ས་གྲུབ་ཀྱི་ཆོག་རྒྱས་པའི་རྒྱལ་པོ་ལྡན་པོ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསང་བའི་དོན་ཡོད་ཅིང་བསྟན་པའི་ཆོག་རྒྱག་ཅེས་བརྟམ་པའི་སྲི་གསུང་ཐུགས་ཐམས་ཅད
181a3 རྡོ་རྗེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམཚིག་ཆེན་པོ་ཐམས་ཅད་ལ་རབ་ཏུ་ཞུགས་ནས། ཆོས་ཉིད་རྟོགས་པའི་ཡེ་ཤེས་ལ་རབ་ཏུ་ཞུགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྣ་ཚོགས་པའི་ཕྲིན་ལས་ཀྱིས་དུས་གསུམ་དུ་འཇིག་རྟེན་གྱི་ཁམས་མ་ལུས་པར་སྤྲོས་པ་ལས་ཀྱི
181a4 མཐའ་ཅན་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཆེན་པོ། ཟླ་བ་ཕྱེད་པ་དུ་མ་ལ་རབ་ཏུ་གནས་པའི་རྡོ་རྗེ་རིན་པོ་ཆེ་རྣམས་ཀྱི་འོད་ཟེར་སྣ་ཚོགས་པ་རྣམ་པར་འབར་བའི་འོད་ཀྱིས་གསལ་བ། གསེར་གྱི་དྲིལ་བུ་བཏགས་པ་དང་། སྣ་ཚོགས་པའི་བ་དན་རླུང་གིས་བསྐྱོད་པ་རྣམས་ཀྱིས་ཉེ
181a5 བར་མཛེས་པར་བྱས་པ། མེ་ཏོག་སྣ་ཚོགས་ཀྱི་ཕྲེང་བ་དང་། ན་བཟའ་དང་མེ་ལོང་དང་མུ་ཏིག་གི་ཕྲེང་བ་རབ་ཏུ་འཕྱང་བས་མཛེས་ཤིང་བརྒྱན་པ།། སྣ་ཚོགས་པའི་ཁ་ཁྱེར་ལ་གནས་པ་མཆོག་ཏུ་གྱུར་པའི་ལྷའི་བུ་མོ་དགོད་པ་དང་། སྒེག་པ་དང་གར་དང་ཁཱ་ཡི་སཾ་རབ་ཏུ་བརྒྱན་པ་དང་། བརྗོད
181a6 བསསད་པར་བྱེད་པ། བདེ་བ་ཆེན་པོ་རྡོ་རྗེ་སེམས་པའི་གནས་གཞལ་ཡས་ཁང་པ་ལ་བཞུགས་སོ།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་ཐུགས་རྡོ་རྗེས་བྱིན་གྱིས་བརླབས་པའི་མཆོག་སེམས་དཔའ་ཐམས་ཅུ་དང་། དང
181a7 བསྲུང་བ་ཐམས་ཅད་དང་། ཐམས་ཅད་མ་བྱིན་པའི་ཏིང་ངེ་འཛིན་ལས་ཐམས་ཅད་མཆོག་ཏུ་གྱུར་བ། ཁམས་གསུམ་ཐམས་ཅད་འདུལ་བར་མཛད། ཐམས་ཅད་དབང་དུ་བྱེད་པ་དོ། སྦྱིན་པ་པོ་འདོད་པ་ཐམས་ཅད་པ། རྒྱ་ཆེ་བའི་དངོས་པ་ཀྱིནཆོག་ཐམས་ཅད་བརྟག་པའི་དེ་བཞིན་གཤེག།




iiif viewer powered by OpenSeadragon

180b - 181b

Texts on this page

Gdg012.5 - dpal mchog dang po'i sngags kyi rtog pa'i dum bu