e-texts navigator
Collection
Volume
Page
Wylie

177a1 དཀྱིལ་འཚར་ཅན་པ་ལ་སོགས་པ་བྲི་བར་བྱའོ།། ཐམས་ཅ་ག་དཀྱིལ་འཁོ་བརྫུ་པའི་ཀླུ་རྗིང། སེམ་ས་པ་འརྫུན་པོ་གཞག་པར་བྱའོ།། ཀྱིལ་ལཛུ་ན་ནྱ་ཇུགས་། རྣགས་པ་ཐུན་པ་བ་རྫུ།
177a2 རྣམས་སུ་ནི་རིགས་བཞིའི་མཚན་མ་རྣམས་གཞག་པར་བྱའོ།། དེ་ནས་དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་ཀྱི་རྡོ་རྗེའི་དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་དཀྱིལ་འཁོར་གྱི་ཆོ་ག་ཐམས་ཅད་རྒྱས་པར་བྱའོ།། དམ་ཚིག་ཆེན་པོའི་རྡོ་རྗེའི་དེ་ཁོ་ན་ཉིད་ཀྱི་དམ་ཚིག་ཅེས་བྱ་བའི་རྟོག་པའི་རྒྱལ་པོ་ཆེན
177a3 པོ་ལས། བདེ་བ་ཐམས་ཅད་ཀྱི་དམ་ཚིག་ཅེས་བྱ་བའི་རྟོག་པའི་རྒྱལ་པོ་ཆེན་པོ་རྫོགས་སོ།། རིགས་བསྡུས་པའི་རྟོག་པའོ།། །། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་རྣམ་པར་སྣང་མཛད་ཀྱིས་ཡང་སེམས་ཅན་ཐམས་ཅད་བྱིན་གྱིས་རློབ་པ་ཞེས་བྱ་བ་ཤེས
177a4 རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་བཤད་དོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་དུ་བཟང་པོ་ཐམས་ཅད་ཀྱི་རང་བཞིན་ཡིན་པས་སེམས་ཅན་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ།། ཐམས་ཅད་རྡོ་རྗེའི་སྙིང་པོས་དབང་བསྐུར་བ་ཉིད་པས། སེམས་ཅན་ཐམས
177a5 ཅད་ནི་རྡོ་རྗེའི་སྙིང་པོ་ཅན་ནོ།། ངག་ཐམས་ཅད་རབ་ཏུ་བྱུང་བས་སེམས་ཅན་ཐམས་ཅད་ནི་ཆོས་ཀྱི་སྙིང་པོ་ཅན་ནོ།། སེམས་ཅན་ཐམས་ཅད་ཀྱི་བྱ་བ་བྱེད་པ་ལ་སྦྱོར་བས་སེམས་ཅན་ཐམས་ཅད་ནི་ལུས་ཀྱི་སྙིང་པོ་ཅན་ནོ།། དེ་ནས་ཀྱི་རོལ་སྡེ་རྡོ་རྗེའི་རིགས་རྣམས་ཀྱིས་ཅཅོའི་སྭ་ཕྱུང་ནས། ཆོས་ཉིད
177a6 ཀྱི་དོན་མུ་ཆེར་སྟོན་ཅིང་སྙིང་པོ་ཕུལ་ཏེ། དེ་ནས་རྡོ་རྗེའི་དབང་ཕྱུག་ཆེན་པོས་རང་གི་དེ་ཁོ་ན་ཉིད་ཀྱི་སྙིང་པོ་འདི་ཕུལ་ལོ།། ཏཱི། དེ་ནས་དཀྱིལ་འཁོར་བཤད་པར་བྱ་སྟེ། ཀུན་ནས་ཟླུམ་པོ་ཐིག་གསུམ་པ་དཀྱིལ་འཁོར་ཆེན་པོ་སྒོ་བཞི་པ། མཚམས་རྣམས་སུ་མདུད་རྩི་གསུམ་པ་གྲིབ་བྱ
177a7 དེའིདབུས་སུ་དབང་ཕྱག་ཆེན་པོ་ཐོབར་བྱའོ།། དེའི་ལོགས་ཐམས་ཅད་དུ་ཚོགས་བརྒྱད་པ་པབར་བྱ་སྟེ། འདིས་སྐྱེནག་པ་རྩོན་པ་དང་། དགའ་བྱེད་དཔང་ཕྱུག་ད་། དྲིལ་ཆེན་དེ། གར་གྱི་ང་ཕྱུག་རྣམས་ནི་ཕྱོགས་རྣམས་སུའོ།། མཚམས་རྣམས་སུ་པ་བབང་པོ་དང་། ཏུ




iiif viewer powered by OpenSeadragon

176b - 177b

Texts on this page

Gdg012.4 - dpal mchog dang po zhes bya ba theg pa chen po'i rtog pa'i rgyal po