| | e-texts navigator
|
157a1 དཔོན་ཡེ་ཤེས་ཞབས་ཀྱིས་འགྲེལ་པ་དང་བི་བརྡ་ཕྱི་འགྱུར་བཅས་གསུམ་ལ་གཏུགས་ནས་ཞུ་དག་བགྱིས་པ་ཡིན་ཀྱང་ཕྱི་འགྱུར་ལ་འགྱུར་མི་བདེ་བ་དང་། དོན་གོ་དཀའ་བ་དང་། ཚིག་སྨྱོས་པ་སོགས་དོན་ལྟར་མ་བསྐུར་བ་ཡང་མང་པོན་ཆེས་ཤིང་འབྲེལ་བ་དང་ང
157a2 གཉིས་ལྔ་འགུར་ཁོན་དང་ཁྱེད་སྔ་ཙམ་མེ་འདུག་པ་ཡིད་ཆེས་པའི་གནས་སོ།། །། རྫ་གང་སྐད་དུ། ཤྲཱི་བ་ར་མཱ་དྭེ་ནྱ་མ་མ་ཧཱ་ཡཱ་ན་ཀ་ཝ་རཱ་ཛཱ། བོད་སྐད་དྷ། དཔལ་མཆོག་དང་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་ཏོག་པའི་རྒྱལ་པོ། བཅོམ་ལྡན་འདས་མ་ཤེས་རང་ཀྱི་ཕ་རོལ་ཏུ་ཕྱིན་པ་ལརྒྱ
157a3 འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་བྱིན་གྱིས་བརླབས་དང་། དམ་ཚིག་དང་། མཁྱེན་པའི་བྱེ་བྲག་རྣམ་པ་ཐ་དད་པ་ཐམས་ཅད་དང་ལྡན་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིན་པོ་ཆེ་ཐམས་ཅད་ཀྱི་ཅོད
157a4 པན་གྱིས་ཁམས་གསུམ་དུ་དབང་བསྐུར་བ་བརྙེས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ལྡན་པ། རྣལ་འབྱོར་ཅན་ཆེན་པོའི་དབང་ཕྱུག། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་ཐམས་ཅད་ཀྱི་མཉམ་པ་ཉིད་ཐུགས་སུ་ཆུད་པ་སྣ་ཚོགས་ཀྱི
157a5 བ་མཛད་དེ། སེམས་ཅན་གྱི་ཁམས་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་ཀྱི་རེ་བ་ཐམས་ཅད་ཡོངས་སུ་སྐོང་བའི་ཕྲིན་ལས་མཛད་པ། ཐུགས་རྗེ་ཆེ་བ། རྣམ་པར་སྣང་མཛད་ཆེན་པོ་རྟག་པ། དུས་གསུམ་གྱི་མཉམ་པ་ཉིད་ལ་བཞུགས་པ། སྐུ་དང་། གསུང་དང་། ཐུགས་ཐམས་ཅད་རྡོ་རྗེ་དེ་བཞིན
157a6 གཤེགས་པ་ཐམས་ཅད་བཞུགས་ཤིང་། བསྔགས་པ། བསྟོད་པ། ནོར་བུ་ཆེན་པོ་དང་། རིན་པོ་ཆེས་སྦས་པ། ཁ་དོག་སྣ་ཚོགས་པའི་དྲིལ་བུ་བཏགས་པ། དར་ཐེ་བ་དན་དང་། མེ་ཏོག་གཟང་བ་དང་། རྔ་མ་དང་། རྔ་བ་དང་། དྲང་ཕྲེང་བ་དང་། ཟླ་བཟང་གིས་བརྩོད་པ་རྣམས
157a7 ཀྱིས་ཉེ་བར་མཛེས་པར་བྱས་པའི་འདོད་པའི་ཁམས་ཐམས་ཅད་ཀྱི་གཞན་འཕྲུལ་དབང་བྱད་ཀྱི་ལྷའི་རྒྱལ་པོའི་གནས་ན། བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་བརྒྱད་དང་། ཐབས་ཅིག་ཏུ་བཞུགས་པ་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལའན་རྡོ་རྗེ་དང་། བྱང་ཆུབ
iiif viewer powered by OpenSeadragon
156b - 157b