e-texts navigator
Collection
Volume
Page
Wylie

156a1 ཅེས་བཀའ་སྩལ་ཏོ།། རིགས་ཀྱི་བུ་དེ་ལྟ་བས་ནང་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་བའི་གསང་བ་འདས་པར་དབང་བསྐུར་བའི་སྔགས་པས་འཛགས་པར་མབྱ་ཞིང་། སྐྲག་པར་མ་བྷ། དངངས་པར་མ་ཐར།། ད་ཎྜར
156a2 ཕྱིར་ཞེ་ན། བྱང་ཆུབ་རྡོ་རྗེ་ལས་བྱུང་བ།། ཞེ་སྡང་རྡོ་རྗེ་ཆ་ལ་སོགས།། སྔགས་ཀྱི་རྒན་ནི་བསྡུས་པ་དག། ཡོངས་སུ་སྤང་བར་མི་བྱའོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཐམས་ཅད་ཀྱིས། དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ལ་མཡིན
156a3 གཅིག་ཏུ་ཚིག་སུ་བཅད་པ་འདིས་མངོན་པར་བསྟོད་དོ།། དུས་གསུམ་རྡོ་རྗེའི་ཐུགས་ཡིན་སྲིད་དང་ཐར་གྱུར་གང་།། ཞི་ཞིང་སྒྲིབ་མེད་ནམ་མཁའ་དག་པའི་ངོ་བོ་ཉིད།། སངས་ཀྱིས་རྣམ་རྒྱས་བྱང་ཆུབ་དབང་ཕྱུག་རྡོ་རྗེ་ཅན།། དེ་ལ་ལུས་ངགྲ་ཡིད་ཀྱིས་རྟག་ཏུ་ཕྱག་འཚལ་ལོ།
156a4 གང་ཞིག་གཟུགས་དང་ཚོར་བ་འདུ་ཤེས་འདུ་བྱེད་དང་།། རྣམ་པར་ཤེས་དང་སྐྱེ་མཆོད་དྲུག་དང་དབང་པོ་དྲག། ས་རྦ་མེ་དང་རླུང་དང་ནམ་མཁའ་ཐམས་ཅད་ནི།། བྱང་ཆུབ་སེམས་འདྲ་རྒྱ་ཆེན་དེ་ལ་ཕྱག་འཚལ་ལོ།། གཏ་མུ་གཉིས་པ་འདོད་ཆགས་རྡོ་རྣ་ཆས་བཅས་གང་།། རེག
156a5 པའི་སྦྱོར་བ་ལས་བྱུང་རྟག་ཏུ་རབ་འབྲེལ་བར།། རྣམ་པ་སྣ་ཚོགས་དགའ་བས་མྱོས་པའི་དངོས་གྱུར་པ།། བྱང་ཆུབ་སེམས་འདྲ་རྒྱ་ཆེ་ནད་ལ་ཕྱག་འཚལ་ལོ།། སླད་དང་དགའ་དང་རྣམ་པ་དེ་བཞིན་མི་འགྱུར་དང་།། རྒྱུ་དང་འབྲས་བུའི་རང་བཞིན་སེམས་སུ་རྗེས་གཏོགས་ཆོས།
156a6 རྨོངས་དང་ཞེ་སྡང་འདོད་ཆགས་སློབ་པ་རྡོ་རྗེ་སྟེ།། བྱང་ཆུབ་སེམས་དང་རྒྱ་ཆེན་དེ་ལ་ཕྱག་འཚལ་ལོ།། གང་ཞིག་ཐོག་མེད་དངོས་པོ་རྣམངས་འདི་སྒོམ་པ།། ཐབས་དང་ཤེས་རབ་ལས་བྱུང་སྤོས་དང་རྣམ་པར་བྲལ།། གསང་པའི་དབང་བསུ་བཏུལ་སྔགས་དམ་ཚིག་རྩོར
156a7 བ་བཏག། བྱང་ཆུབ་རྡོ་རྗེ་འདྲ་ར་བ་ལྟ་དེ་ལ་རྟག་ཕྱག་འཚལ།། གང་ཞིག་དངོས་གྲུབ་མཆོག་གནབས་ནི་འདི་སྒོམ་ཞིང་།། བསྙེན་པའི་ཆོ་ག་ཉེ་བར་དགྲུབ་དང་གྲུབ་པ་དང་།། སྒྲུབ་པ་ཆེན་པོས་རློམ་འགྱུར་བའི་སྒྲ། དབང་པོ།། བྱང་ཆུང་རྡོ་རྗེ་འདྲར་བ་ལྟ་དེ་ལ་རྟག་ཕྱག་འཚལ།། གང




iiif viewer powered by OpenSeadragon

155b - 156b

Texts on this page

Gdg012.3 - de bzhin gshegs pa thams cad kyi sku gsung thugs kyi gsang chen gsang ba 'dus pa zhes bya ba brtag pa'i rgyal po chen po