e-texts navigator
Collection
Volume
Page
Wylie

88a1 བཱར་ནི།། ཐབས་དང་ཤེས་རབ་འབྲེལ་པ་ལས།། མཚོན་དང་རྟོགས་དང་བསྒོམས་པ་ཡིས།། ལྷ་མོ་བཞིར་ནི་མངོན་སྣང་བ།། བྱང་ཆུབ་སེམས་དང་ངདབ་དང་།། ཐབས་ཀྱི་བདེ་བས་རབ་སྐྲག་པས།། ལྷ་མོ་འདི་ནི་སྒེག་མོར་བཤད།། གོ་ལ་དང
88a2 མ་གྲོལ་འཁོར་བ་ཡི།། གྱི་ནང་སྒྲ་ཡི་བྱེ་བྲག་ཀུན།། བྲག་ཅ་ལྟ་བུར་བརྗོད་མཛད་པས།། བར་ཆད་མེད་པས་ཕྲེང་བ་མ།། ཚིམ་པའི་ངོ་བོ་གང་བསྟན་པ།། དྲི་དང་ལྡན་པའི་ཁྱད་པར་ཉིད།། དབྱངས་ཉིད་ཚིམ་ཞིང་ཡིད་བདེ་བས།། དེ་ཉིད་རྡོ་རྗེ་གཱི་ཏཾ་མ།། རོ་ཡིས་ཁྱབ
88a3 ཅིང་གར་སྦྱར་ལྟར།། བདེ་བ་ཆེན་པོ་བཞི་ཡི་གར།། ཁྱབ་དང་མཛེས་དང་ཚིམ་པ་དང་།། མི་གནས་བཀྲོལ་བས་གར་མཁན་མ།། རྒྱན་དང་ཆགས་པའི་སྒྲ་དག་དང་།། ཡིད་ཀྱི་ཕྲེང་བ་བདེ་བའི་གར།། ལྷ་མོ་བཞི་ཡི་རང་བཞིན་ནོ།། མ་རྟོགས་འགྲོ་བ་མཐའ་ཡས་ལ
88a4 རང་བཞིན་ཐུགས་རྗེ་མཛད་པ་ཡིས།། ཡོངས་ལ་ཕན་འདོགས་སྐྱོབ་པ་ནི།། འདི་ནི་བྱམས་པ་ཞེས་བྱའོ།། རྟོགས་གོམས་མཐར་ཕྱིན་ཁྱད་པར་གྱིས།། ལས་དང་ཉོན་མོངས་ལྟ་བའི་རིམ།། སེལ་བ་འདི་ནི་སྒྲིབ་སེལ་ལོ།། ཐབས་དང་ཤེས་རབ་གནས་རྟོགས་ན།། གང
88a5 ཕྱིར་སྤོང་ལེན་མི་གནས་པས།། ཕྱི་ནང་སྣོད་བཅུ་དམ་ལུས་པ།། དབྱེ་བ་མེད་པས་ཀུན་དུ་བཟང་།། བདག་དང་གཞན་དུ་འཛིན་པ་ཀུན།། ཟག་པ་མེད་པའི་ཤེས་རབ་ཀྱིས།། ལྟ་བའི་དྲ་བ་གཅོད་པས་ན།། ཟག་མེད་ཤེས་རབ་འཇམ་དཔལ་སྦ།། དབང་པོ་ཡི་གེ་ཐིག་ལར
88a6 བཅས།། གནས་དང་རྟོགས་དང་བསྒོམས་པ་ཡིས།། མངོན་དུ་སྣང་ཕྱིར་བརྗོད་པ་ཡིན།། དུས་བཞི་རིམ་པ་གཉིས་བརྒྱད་དེ།། དེ་ཉིད་དགྲོལ་དང་བྲོད་སྐྱེད་དང་།། ཁྱོད་ཡུལ་དག་ཕྱིར་བརྗོད་པ་ནི།། དྲི་དང་བདེ་བས་དག་ཚིམ་ཞིང་།། ཡིད་ལྡོག་མེད་པས་རྡོ་རྗེ་དྲི།། ཕྱི་ནང་ཁྱ
88a7 བའི་དཀྱིལ་འཁར་ལ།། མེ་ཏོག་ཐིག་ལེ་བདེ་བཀོད་པས།། རྡོ་རྗེ་མེ་ཏོག་བླ་ན་མེད།། བྱིན་སེམས་ལ་གནས་བཅས་པའི།། མུན་པ་བསའ་ཕྱིར་ཤེས་རབ་དང་།། ཡེ་ཤེས་སྤང་བ་གླན་མེད།། རྡོ་རྗེ་གསལ་བའི་མར་མམ།། བྱིན་དཀྱིལ་འཁོར་མ་ལུས་ལ།། རང




iiif viewer powered by OpenSeadragon

87b - 88b

Texts on this page

Gdg011.4 - rdo rje sems dpa'i sgyu 'phrul dr+wa ba gsang ba thams cad kyi me long zhes bya ba'i rgyud