| | e-texts navigator
|
87a1 མཐའ་ལ་མངོན་རྟོགས་པས།། ཐུན་མོང་མིན་པའི་དུས་སུ་བསྟན།། དེ་ཚེ་ཕྱོགས་བཅུ་རྒྱལ་བ་ཡིས།། བསྐལ་པ་བྱེ་བར་ལུང་བསྟན་པ།། འདུལ་བའི་དུས་བབ་གསང་བའི་བདག། ལག་ན་རྡོ་རྗེས་བསྡུ་བ་མཛད།། དུས་གསུམ་རྒྱལ་བས་བྱིན
87a2 བརླབས་ཕྱིར།། འཁོར་གྱི་ནང་ན་སྐལ་མཆོག་ལྡན།། གསང་བའི་རྡོ་རྗེ་འཆང་བསྡུས་ནས།། འདུལ་བའི་འཁོར་ལ་བསྟན་པར་མཛད།། འདས་དང་མབྱོན་ད་ལྟར་གྱི།། སྐུ་གསུམ་སྐུ་གསུང་ཐུགས་ངེས་པའི།། དེ་བཞིན་ཉིད་དུ་ཐབས་གང་གིས།། གཤེགས་ཤིང
87a3 གཤེགས་དང་གཤེགས་གྱུར་པའི།། ཐར་པ་གསུམ་དང་ཡེ་ཤེས་དང་།། ཕ་རོལ་ཕྱིན་པ་དྲུག་ལྡན་པ།། ཞིང་ཁམས་ཡོན་ཏན་བསམ་མི་ཁྱབ།། བྱེ་བྲག་བརྒྱད་ཅུ་ཀུན་འདུས་པའི།། རྒྱལ་བ་རྒྱ་མཚོ་ཀུན་གྱི་མཚན།། གང་ཕྱིར་རྡོ་རྗེ་ཐུགས་ཆུད་པས།། ལས་དང་།
87a4 སྤྱོད་པ་དཀའ་ཐུབ་དང་།། སྲིད་པའི་རི་བོས་མི་བསྐྱོད་པས།། དེ་ནི་མི་བསྐྱོད་མཆོག་ཏུ་གསུངས།། ཐབས་དང་ཤེས་རབ་འབྲེལ་པ་ཡིས།། ཇི་སྙེད་སྐུ་གསུང་ཐུགས་སྣང་བ།། མོས་དང་ཐབས་ཀྱི་ཁྱད་པར་གྱིས།། རྣམ་པར་སྣང་སྟིར་སྣང་མཛད་མཆོག། རྒྱལ་བ་ཀུན་གྱི
87a5 ཡོན་ཏན་ནི།། ཚོགས་རྣམས་འདུས་པའི་ངོ་བོ་སྟེ།། ཡོན་ཏན་རིན་ཆེན་ལྟར་འབྱུང་བས།། རིན་ཆེན་འབྱུང་བར་གསུངས་པ་ཡིན།། དཔག་ཏུ་མེད་པའི་གསུང་གི་སྒོ།། དབང་པོ་ཐབས་ཀྱི་བྱེ་བྲག་གིས།། དོན་རྟགས་གསུང་དིང་ཡི་གེའི་སྒོ།། མཐའ་ཡས་སྣང་ཕྱིར
87a6 མཐའ་ཡས་མཆོག། དབུག་མེད་ཐུགས་རྗེ་མཛད་པ་ཡི།། འགྲོ་འོད་མེད་པའི་ཐུགས་རྗེ་ཡིས།། འགྲོ་བ་སྐྱོབ་པའི་དོན་མཛད་པས།། དོན་གྲུབ་ཅྡོཾས་ནི་རྣམ་པར་བསྟན།། རིག་པའི་རྒྱལ་པོ་འདི་དག་ཀྱང་།། ཟམ་ལ་ལྔ་ཉིད་གནས་དག་ཅིང་།། དེ་ལས་ཐབས་ངེས་མངོན་བྱས
87a7 པས།། དེར་དབང་གྱུར་ཏེ་ཉིད་སྣང་བ།། རྒྱལ་པོ་ཉིད་དུ་འརྗོད་པ་ཡིན།། ཏིང་འོག་གཉིས་ལས་མངོན་གྱུར་པའི།། སྒོ་དང་འདྲ་འ་ག་ག། གང་དེཐངས་ལས་མངོན་གྱུར་པའི།། བདེ་བའི་གཟུགས་དང་ཚར་བ་དང་།། དུ་ཤེས་དང་ནི་བྱ་། #
iiif viewer powered by OpenSeadragon
86b - 87b