| | e-texts navigator
|
83b1 ཏིང་འཛིན་ཞེས་བྱ་བ།། གཉིས་ལ་སྐུ་གསུང་ཐུགས་སྦྱོར་དང་།། ཕྱི་ནང་གསང་བའི་རིམ་པ་ཅི།། གཟུགས་བརྙན་དཀྱིལ་འཁོར་ཇི་ལྟ་བུ།། གང་ཕྱིར་གཟུགས་བརྙན་ཞེས་བརྗོད་ཅིང་།། གང་གི་གཟུགས་བརྙན་གད་ལ་སྣང་།། ཕྱི་ནང་གསང་བར་ཇི་ལྟར་འགྱུར།།
83b2 ལྷག་པ་ཞེས་པ་གང་ཕྱིར་ཏེ།། གཟུགས་བརྙན་ཞེས་པ་ཇི་ལྟ་བུ།། གཉིས་དང་གསུམ་དང་དྲུག་བསྟན་ཅིང་།། དོན་དམ་ཀུན་རྫོབ་བྱང་ཆུབ་སེམས།། ཕྱི་ནང་གསང་བ་ཇི་ལྟར་སྦྱོར།། ཚོགས་ཀྱི་དཀྱིལ་འཁོར་གཉིས་ཅི་ཞིག། གང་གིས་གང་དུ་གང་ཚོགས་ནས།། ཇི
83b3 སྤྱད་པས་ཅི་ཞིག་འགྲུབ།། འདི་དག་བསྟན་པའི་དགོངས་པརྩེ།། གནས་སྐབས་གང་དང་འབྲེལ་པར་འགྱུར།། ཡན་ལགརྩ་པ་གང་དང་འབྲེལ།། དཀྱིལ་དང་འཁོར་དུ་ཇི་ལྟར་བརྟག། གསུངས་ཤིག་སྐྱེས་བུ་མཆོག་ཆེན་པོ།། གང་དང་ངེས་པ་མ་རྙེད་པར།། ཀུན
83b4 སྤྱོད་པར་མ་གྱུར་པ།། ལེགས་པར་གསུངས་ཤིག་རྒྱལ་མཆོག་ཆེ།། འདི་ནི་དཀྱིལ་འཁོར་གྱི་དྲི་བ་དྲིས་པའོ།། གང་གིས་གང་ལ་གང་དག་ཏུ།། ཇི་ལྟར་དབང་བསྐུར་ཕུན་སུམ་ཚོགས།། བདག་གིས་ཇི་ལྟར་ཤེས་པར་བགྱི།། གང་དང་གང་དུ་ཇི་ལྟར་འགྲེལ།། སྐྱེ
83b5 དང་ཡོན་ཏན་ཇི་ལྟ་བུ།། འབྲས་བུ་རིམ་པ་བཤད་དུ་གསོལ།། འདི་ནི་འཇུག་པའི་ཆོ་གཱ་དུ།། ལས་ཀྱི་རིམ་པ་ཇི་ལྟ་བུ།། རྡོ་རྗེ་སེམས་དཔའ་བདེ་ཆེན་པོ།། སྒྱུ་འཕྲུལ་དྲ་བ་མངོན་རྫོགས་པའི།། ཐབས་དང་ཤེས་རབ་གཉིས་མེད་པས།། བདག་གི་ཐེ་ཚོམ་བསལ་དུ་གསོལ།།
83b6 ནི་དབང་གི་དོན་མཐའ་དག་ལ་དྲི་བ་དྲིས་པའོ།། གང་ལ་གང་གིས་བརྟེན་པ་ཡི།། དམ་ཚིག་ཅེས་པ་ཅི་ཡི་ཕྱིར།། རྩ་བ་དམ་ཚིག་དུ་ཞིག་བསྟན།། གང་ཕྱིར་རྩེ་བར་བརྗོད་པར་བྱ།། ཡན་ལག་དུ་ཞིག་བསྟན་པ་གསུངས།། འདི་དག་ལ་མ་དང་བསྙེན་བསླབ་དང་།། གང་ཟག་ག
83b7 ས་དང་འདས་པའི་སྔོན་ཡོན་ཅི།། ཕྱི་ནང་གསང་བར་ཇི་ལྟར་གསུངས།། ལྷ་དང་སྤྱོད་དང་སྒྲུབ་པ་དང་།། ཤེས་བྱ་ཏིང་འཛིན་དམཆོག་ཏུ།། གྲུབ་དང་མི་སྤོང་བསྲུང་ཅི་ཞིག། རྒྱལ་མཆོག་སྐྱེས་བུས་བཤད་དུ་གསོང་།། ཐོ་པོ་ཇན་མོ་ཡིན
iiif viewer powered by OpenSeadragon
83a - 84a