| | e-texts navigator
|
80b1 གཤེགས་ཉིད་ཀྱི་ཡུལ་ལ་བཞུགས།། འཇིགས་མེད་ཀུན་དུ་བཟང་པོར་སྦྱོར།། ཇི་བཞིན་ཉིད་དང་འདུལ་བའི་ཐབས།། ཇི་སྙེད་སྡོམ་པ་བསམ་ཡས་པ།། མ་ལུས་ནམ་དག་ལྡན་གྱིས་གྲུབ།། ཉམས་ན་བསྐངས་པས་རྫོགས་པ་དང་།། དེ་ལ་སོགས་ཏེ་མཐའ་ཡས་མཆོག། ཅེས་བརྗོད་པས
80b2 དེ་བཞིན་གཤེགས་པ་ཉིད་དེ་བཞིན་གཤེགས་པ་ཉིད་ལ་འདུལ་བར་གྱུར་ཏོ།། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་དམ་ཚིག་གི་ལེའུ་སྟེ་བཅུ་དགུ་པའོ།། །། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྱེས་པ་ཆེན་པོས་ལྷུན་གྱིས་ཐུབ་པའི་དམ་ཚིག་བྱིན་གྱིས
80b3 རློབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཆེད་དུ་བརྗོད་པ་འདི་བརྗོད་དོ།། མེ་ཡི་ཚོགས་ཀྱི་དཀྱིལ་འཁོར་མཆོག། འབར་བ་གཏུམ་ཆེན་རྣམ་པ་ལ།། ཁྲོས་པའི་ཡིད་ཀྱིས་མཆོད་སྦྱིན་བྱ།། སངས་རྒྱས་བསོད་ནམས་སྐུ་ཡང་འཇིག། བདུད་རྩ་ལྔའམ།
80b4 ཟས་ལྔ་ལ།། མཚན་མ་མིང་དུ་བཅས་པར་བྱ།། བཀུག་ནས་རྡོ་རྗེ་ཕུར་བས་གདབ།། རྡུལ་དུ་བྱས་ནས་ཚོགསཱ་ལ་དབུལ།། ཨེ་ཡི་ཚོགས་ཀྱི་དཀྱིལ་འཁོར་དུ།། ལུ་གུ་གྱུར་དུ་སྦྲེལ་བསྡམས་ནས།། བཅིངས་འགྱུར་བསྐྱོད་ན་ཕྱོགས་བཏུར་གཡོ།། མྱོས་ནས་གལ་ཏེ་འཚིག་པར
80b5 འགྱུར།། པི་མི་ཚོགས་ཀྱི་དཀྱིལ་འཁོར་མཆོག། འབྲར་བའི་གཟི་ཆེན་ལྷུན་ཆེན་ལ།། ཚོགས་པའི་ཡིད་ཀྱིས་མཆོད་སྦྱིན་པ།། རྡོ་རྗེ་གསུང་ཡང་དབང་དུ་འགྱུར།། བདྨོད་ཅོ་ལྡེའམཐས་སྦྲུ་ལཱ།། མཱ་ཚན་མ་མེང་དུ་བཅས་པར་བྱས།། རྡོ་ཟགས་པའི་ཕུང་བས་གང་།། རྫ
80b6 པའི་ཚོགས་ལ་ཐིམ་པར་དབུལ།། བ~ཾ་གྱི་ཚོགས་ཀྱི་དཀྱིལ་འཁོར་དུ།། ལུ་གུ་རྒྱུང་དུ་སྦྲེལ་བསྡམས་ནས།། འགུག་འགྱུར་རྡོ་རྗེའང་བྱི་བཞིན་འབྲང་།། ཅི་འདོད་དེ་བཞིན་འོང་བར་འགྱུར།། མ་ཡི་ཚོགས་ཀྱི་དཀྱིལ་འཁོར་མཆོག། འབར་བའི་འདུ་འཕྲོ་ཟི་བྱིན་ལ།། དགའ
80b7 ཡིད་ཀྱིས་མཆོད་སྦྱིན་བྱ།། ཡོན་ཏན་ནམ་མཁའི་མཐའ་དང་མཉམ།། བདུད་རྩི་ལྔའམ་ཟས་ལྔ་ལེ།། མཚན་མའི་མིང་དུ་བཅས་པར་བྱ།། ཡོན་ཏན་ཡིད་བཞིན་གཏེར་དུ་བརྟང་།། དཀྱིལ་དགའ་འགྲོའི་ཕུར་པས་གདབ།། རྡོ་རྗེ་གཟི་བྱིན་འབར་བར་འགྱུར།། མ་ཡི་ཚོགས་ཀྱི་དཀྱིལ
iiif viewer powered by OpenSeadragon
80a - 81a