| | e-texts navigator
|
78a1 ཀྱིས་མི་ཁྱབ་པར་སོ་སོར་སྣང་བས་དུས་གཅིག་ཏུ་བཏུལ་ལོ།། དེ་ནས་དེ་དག་ཤིན་ཏུ་འདར་ཞིང་རབ་ཏུ་བྲེད་ཅིང་ཞུམ་པའི་ང་རོས་སྨྲས་པའི་ཚིག། འབངས་སུ་མཆི། འབངས་སུ་མཆི། འབངས་སུ་ནན་ཏན་མ་བགྱིས་ན།། མགྲོ་དང་ལུས་ནི་འགྱུ
78a2 འགས་ཤིང་།། སྙིང་ལང་འགས་ཤིང་གཏུགས་འགྱུར་ཅིང་།། རུལ་མྱགས་ཚིག་ནས་བརླག་པ་དང་།། དམྱལ་བར་ལྷུང་ནས་འབོད་པར་ཤོག། ཅེས་འབངས་སུ་མཆི་བར་མནས་བོར་ནས་དཀྱིལ་འཁོར་གྱི་གདན་དུ་བཞག་གོ།། ཐམས་ཅད་ཀྱིས་མགྲིན་གཅིག
78a3 ཏུ་སྤྲས་པ།། བདག་ཅག་རྣམས་ཀྱི་མཆིས་བྲིང་དང་།། མ་དང་སྲིད་མེ་བུ་མོ་རྣམས།། དཀྱིལ་འཁོར་ཆེན་པོར་བཞེས་སུ་གསོལ།། དཔའ་བོ་ལྷ་རྗེས་བཞེས་སུ་གསོལ།། བདག་ཅག་སོ་སོའི་འཁོར་བཅས་ཀྱིས།། ཚོགས་ཀྱི་དཀྱིལ་འཁོར་དམ་པ་འདི།། མིང་ཙམ
78a4 འཛིན་པར་བྱེད་པ་ཡང་།། གཙུག་གི་ནོར་བུ་འབར་བ་ལྟར།། གཡོ་སྒྱུ་མེད་ཅིང་གུས་ལྡན་པའི།། སེམས་ཀྱིས་བླངས་ཏེ་སྤྱི་བོ་ཡི།། གཙུག་ཏུ་བཞག་སྟེ་བཀུར་བར་བྱ།། དེ་ཡི་དགོས་པ་ཅི་ཡང་རུང་།། མ་ལུས་རྫོགས་པར་བདག་ཅག་སྒྲུབ།། གལ་ཏེ་དཔའ་བོའི
78a5 སྤྱན་སྔ་འདྲིར།། སྨྲས་པ་བཞིན་དུ་མ་བགྱིས་ན།། བདག་ཅག་རྣམས་ཀྱི་མགོ་ལུས་སྙིང་།། བཀས་གཏུབས་དུམ་བུར་རུལ་བར་མཆི།། ཞེས་སྨྲས་སོ།། དེ་ནས་དེ་དག་གི་ཆུང་མའི་ཚོགས་དང་། སྲིང་མོ་དང་མ་དང་བུ་མོའི་ཚོགས་ཐམས་ཅད་དཀྱིལ་འཁོར་དུ
78a6 ཡུད་ཙམ་གྱིས་འོངས་ནས་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་སྨྲས་པ། བདག་ཅག་འཁོར་ཚོགས་ཐམས་ཅད་ཀུན།། དཔའ་བོ་ཆེན་པོའི་འབངས་སུ་མཆི།། དཔའ་བོ་ཆེན་པོ་བདགྲ་ཅག་རྣམས།། ལུས་ཀྱི་དངོས་གྲུབ་སྩལ་དུ་གསོལ།། ཞེས་སྨྲས་སོ།། དེ
78a7 ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོས་ལག་ཏུ་རྡོ་རྗེ་བྱིན་ནས་མིང་གིས་དབང་བསྐུར་ནས་དཀྱིལ་འཁོར་ཀྱི་ཕྱི་རོལ་དུ་བཀོད་དོ།། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་ཁྲོ་བོ་རང་བཞིན་གྱི་དཀྱིལ་འཁོར་སྤྲིན་རྣམ་པར་སྤྲོས་པའི་ལེའུ་སྟེ་བཅོ་ལྔ་པའོ།།
iiif viewer powered by OpenSeadragon
77b - 78b