e-texts navigator
Collection
Volume
Page
Wylie

77b1 དང་། ཝ་གདོད་ཆེན་མ་ཚོགས་དང་། ཁྱི་ག་དང་ཟན་མའི་སོགས་དང་། བཞད་གདོང་ཆེན་མ་འཚོགས་དང་ཀཱང་ཀའི་གྲཝ་དང་ཆེན་མ་ཆགས་དང་། དྲུང་བའི་གདང་ཆེན་མ་ཚོགས་དང་། འུག་པའི་གདོང་ཆེན་མ་འཚོགས་རྣམས་རང་རང་ག་ལག་ཆ་དང་ངོ་མཚར
77b2 ཆས་ནས་འཐོན་པར་གྱུར་ཏོ།། འཐོན་ནས་ཀྱང་འབར་བ་ཆེན་པོའི་འཁོར་ལོའི་ཕྱི་རོལ་ཤར་གྱི་ཕྱོགས་ནས་འཁོར་བར་རྔམ་པའི་མདངས་ཀྱིས་འཁོད་དོ།། དེ་ནས་ཤིན་ཏུ་དགྱེས་པས་ཕྱོགས་བཅུའི་ཞིང་ཁམས་མ་ལུས་པར་ཁྱབ་པར་བྱས་ནས་ཕཊ་ཞེཔ་བརྗོད་པས།
77b3 སྲིད་འགྲོ་མའི་ཚོགས་དང་། རྡོ་རྗེ་གདོང་མོའི་ཚོགས་དང་། རྡོ་རྗེ་འཇིག་རྟེན་མའི་ཚོགས་དང་། རྡོ་རྗེ་རོ་ལངས་མའི་ཚོགས་རྣམས་རང་རང་གི་ལག་ཆ་དང་ངོ་མཚར་དུ་ཆེས་ནས་འཐོན་པར་གྱུར་ཏོ།། འཐོན་ནས་ཀྱང་འབར་བ་ཆེན་པོའི་དཀྱིལ་འཁོར་གྱི་སྒོར་ཤིན་ཏུ་རྔམ
77b4 པའི་གཟུགས་ཀྱིས་གནས་སོ།། དེ་ནས་དགྱེས་པའི་སྤྲིན་ལས་ཕྱོགས་བཅུ་ནས་ཕཊ་ཅེས་བསྒྲགས་པས་ཐམས་ཅད་ཁྲོས་ནས། མ་མོ་ཐམས་ཅད་ཀྱང་རང་རང་གི་གནས་ག་ལ་བ་དེར་ཡུད་ཙམ་གྱིས་ཕྱིན་པར་བརྩེའོ།། དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་དཔལ
77b5 ཁྲག་འཐུང་ཆེན་པོ་དེ་དག་ཀུན་ཐུགས་རྗེ་ཆེན་པོ་བདུད་རྩི་ཆེན་པོ་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙེམས་པར་ཞུགས་ནས། སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་འདི་ཕྱུང་ངོ་།། ཨོཾ་བཛྲ་མཧཱ་ཨ་མྲྀ་ཏ་མ་ཧཱ་ཀྲོ་དྷ་ཨོཾ་ཨོཾ་ཨཱ~ཾ་ཞེས་བརྗོད་པས་དབང་ཕྱུག་ཆེན་པོ་ལ་སོགས་པ
77b6 ཐམས་ཅད་བཅོམ་ལྡན་འདས་ཁྲོ་བོ་ཆེན་པོ་དེ་དག་གི་སྣམ་ནས་བཏོན་ནས། མི་གཙང་བའི་འདམ་གྱི་རྒྱ་མཚོ་ཆེན་པོར་ཐུད་པ་ལས། སྣམ་ནས་ཁྲོ་བོ་ཨུརྡྷ་སྟྲ་ཀྲོདྷ་སྲུང་ནས་འདམ་ཁུ་ཀུན་འཐུངས་པས་དྲིན་པ་སླར་བྱེད་དེ། ཁྲོ་བོའི་དཀྱིལ་འཁོར་གྱི་ཚོགས་དེ་དག་ཐམས་ཅད
77b7 ང་རབ་དགྲ་བརྒྱ། ཕྱག་སྟོང་བརྒྱད་བརྒྱ། ཞབས་བརྒྱད་བརྒྱ། སྐུ་འབར་བ་ཆེན་པོའི་དཀྱིལ་ན་བཞུགས་པར་མཐོང་ངོ་།། དེའི་དུས་སུ་འཇིག་རྟེན་དྲུག་གི་ཕྱོགས་བཅུའི་སྲེད་པ་གསུམ་ཀྱི་བདག་པོ་དྲེགས་པའི་དབང་ཕྱུག་ཐམས་ཅད་འདུལ་བའི་ཐབས་སྣ་ཚོགས་པ




iiif viewer powered by OpenSeadragon

77a - 78a

Texts on this page

Gdg011.3 - dpal gsang ba'i snying po de kho na nyid rnam par nges pa