e-texts navigator
Collection
Volume
Page
Wylie

77a1 ཆགས་པའི་ཡིད་གཡོས་ནས་པདྨའི་དཀྱིལ་འཁོར་སྡུད་ཅིང་རྒྱས་པར་གྱུར་ནས། དཔེར་ན་ཁབ་ལེན་ལ་ལྕགས་འདུ་བའི་ཚུལ་དུ་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་དཔལ་ཁྲག་འཐུང་ཆེན་པོ་རྡོ་རྗེའི་སྐུ་ལ་སྲིན་མེ་ཆེན་མོ་མེའི་སྲིན་མོ་དང་། དམ་མ
77a2 དང་། དགའ་བ་མོ་དང་། གསོད་བྱེད་མ་དང་། ནག་མོ་ཆེན་མོ་དང་། དམར་སེར་ཆེན་མོ་དང་། སྔོ་ནག་ཆེན་མོ་དང་། སེར་ནག་ཆེན་མོ་རྣམས་འཁྲིལ་ལོ།། བཅོམ་ལྡན་འདས་དཔལ་ཁྲག་འཐུང་ཆེན་པོ་རྡོ་རྗེའི་སྐུལ་ཚངས་མ་དང་། འཁྲུག་མོ་དང་། དབང་མོ་དང་། འཇུག
77a3 སྲིད་མོ་དང་། གཞོན་ནུ་ས་རྣམས་འཁྲིལ་ལོ།། བཅོམ་ལྡན་འདས་དཔལ་ཁྲག་འཐུང་ཆེན་པོ་རིན་པོ་ཆེའི་ཡུ་ལ་བདུད་ཅི་ལོ་དང་། ཞིབ་མོ་དང་། བེཙོན་མོ་དང་། ཟབ་མོ་དང་། སྲིན་ཀོན་མས་འཁྲིལ་ལོ།། བཅོམ་ལྡན་འདས་དཔལ་ཁྲག་འཐུང་ཆེན་པོ་པདེའི་སྐུལ
77a4 ཁྲག་གིས་མྱོས་མ་དང་། གཅིག་པུར་སྤྲོད་མ་དང་། ཡིད་འཕྲོག་མ་དང་། གྲུབ་མོ་དང་། རླུང་མོ་རྣམས་འཁྲིལ་ལོ།། བཅོམ་ལྡན་འདས་དཔལ་ཁྲག་འཐུང་ཆེན་པོ་ཀུན་དུ་ལས་ཀྱི་སྦལ་མེ་མོ་དང་། ཕག་མོ་དང་། རྒན་བྱེད་མ་དང་། སྣ་ཆུང་མོ་དང་། ཆུ་ལྷ་མོ་རྣམས
77a5 འཁྲིལ་ལོ།། དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་ཁྲོ་བོའི་དཀྱིལ་འཁོར་དེ་དག་གིས་ཧཱུཾ་ཞེས་བརྗོད་པས་པདྨའི་དཀྱིལ་འཁོར་གྱི་ཚོགས་བསྡུས་ནས་ཤིན་ཏུ་བཅུམ་པར་གྱུར་ཏོ།། དེ་ནས་དགྱེས་ཏེ་ཧ་ཏ་ཞེས་བརྗོད་པས་བྱང་ཆུབ་སེམས་ཀྱི་སྤྲིན་དག་ལས་དཀར་མོའི
77a6 གུས་དང་། ཀུན་མོའི་ཚོགས་དང་། མོངས་མོའི་ཚོགས་དང་། ཐལ་བྱེད་པའི་ཚོགས་དང་། སྤོས་མོའི་ཕྱོགས་དང་། གཟུམ་མོའི་ཚོགས་དང་། སྤྱི་ཤ་ཅན་གྱི་ཚོགས་དང་། མཚོགས་མའི་ཚོགས་རྣམས་རང་རང་གི་ལག་ཆེ་དང་ངོ་མཚར་དུ་བཅས་ནུས་འཛིན་ཏོ།།
77a7 འཐོན་ནས་ཀྱང་འབར་བ་ཆེན་པོའི་འཁོར་ལོའི་མཚན་ཤར་ཕྱོགས་ནས་འཁོར་བར་འཇིགས་པའི་གཟུགས་ཀྱིས་རང་རང་གི་ལག་ཆ་དང་བཅས་ནས་འཁོད་ངོ་།། དེ་ནས་ཤིན་ཏུ་དགྱེས་ཏེ་ཏེ་ཧེ་ཞེས་བརྗོད་པས་སེང་གདོང་ཆེན་མོའི་ཚོགས་དང་། སྟག་གདོང




iiif viewer powered by OpenSeadragon

76b - 77b

Texts on this page

Gdg011.3 - dpal gsang ba'i snying po de kho na nyid rnam par nges pa