e-texts navigator
Collection
Volume
Page
Wylie

76b1 འདས་དགྱེས་པ་ཆེན་པོ་དབུ་དག་ཕྱག་བཅཝ་བརྒྱད་ཞབས་བརྒྱད་དུ་གནས་ནས་ཐུགས་རྗེས་འདུལ་བའི་ཐབས་ཀྱིས་ཤིན་ཏུ་ཁྲོས་ནས་རྔམ་པའི་སྐད་ཀྱིས། ཧཱུ~ཾ་ཧཱུ~ཾ་ཧཱུ~ཾ་ཧ་ཧ་ཧ་ཁཱ་ཧི་ཁཱ་ཧི་ཁཱ་ཧི་ཞེས་བརྗོད་པས། དབང་ཕྱུག་ཆེན་པོ་ལ་སོགས་པ་གདུག་པ་ཆེན་པོའི་ཚོགས་ཆེན་པོ་དེ
76b2 དག་གི་སྙིང་དང་དབང་པོ་ཀུན་གྱུར། ནང་གྲོལ་ཀུན་དྲངས་ཡན་ལག་ཀུན་བཅད་གཏུབས་ནས་ཁྲག་ཀུན་འཐུངས་ནས་རུས་པ་ཀུན་འཆོས་སོ།། དེ་ནས་ཧཱུཾ་ཧཱུཾ་ཧཱུཾ་བྷྲཱུཾ་ཨེ་ཨཱ་ར་ལི་ཛཿ་ཛཱཿ་ཞེས་བརྗོད་པང་། ཕྱོགས་བཅུ་འཇིག་རྟེན་གྱི་ཁམས་ནམ་མཁའ་དང་བཅས་པར་ཡུངས
76b3 འབྲུ་གཅིག་ཙམ་གྱི་ནང་དུ་ཆུད་པར་བསྡུས་སོ།། དེ་ནས་འབྱུང་པོ་མ་ལུས་པའི་ཐལ་པོའི་ཡང་རྒྱལ་པོ་དྲེགས་པ་ཆེན་པོ་ལ་སོགས་པའི་ཆུང་མ་འབྱུང་མོ་ཐམས་ཅད་ཀྱི་རྗེ་མོའི་ཡང་རྗེ་མོ་སྲིན་མོ་ཆེན་མོ་མིའི་སྲིན་མོ་དང་། ཚངས་མ་དང་། འཁྲུབ་མོ་དང་། དབང
76b4 དང་། འཇུག་སྲེད་མོ་དང་། གཞོན་ནུ་མ་དང་། དམར་མོ་དང་། བདུད་རྩི་མོ་དང་། ཞི་བ་མོ་དང་། བེ་ཅོན་མོ་དང་། སྲིན་མོ་དང་། ཟ་བ་མོ་དང་། དགའ་བ་མོ་དང་། ར་རོ་ཁྲག་འཐུང་མྱོས་པ་དང་། གཅིག་པུར་སྤྱོད་མ་དང་། ཡིད་འཕྲོག་མ་དང་། གྲུབ་མོ་དང་།
76b5 རླུང་མོ་དང་། གསོད་བྱེད་མ་དང་། མེ་མོ་དང་། ཕག་མོ་དང་། རྒན་བྱེད་མ་དང་། སྟ་ཆད་མོ་དང་། ཆུ་ལྷ་མོ་དང་། ནག་མོ་ཆེན་མོ་དང་། ད་མགོ་དམར་སེར་ཆེན་མོ་དང་། བུམ་སྣ་སྔོ་ནག་མོ་དང་། གསུས་འཛིན་སེར་ནག་ཆེན་མོ་ལ་སོགས་པ། བྲན་དང་ཡང
76b6 བྲན་དང་། གཡོག་དང་། ཡང་གཡོག་དང་། འཁོར་ཞིང་གི་རྡུལ་སྙེད་བསྡུས་སོ།། དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་དཔལ་ཁྲག་འཐུང་ཆེན་པོས་འདུལ་བའི་འབྲས་ཀྱིས་ཡང་རིགས་ལྔའི་འཇིགས་བྱེད་ཆེན་པོ་སྣང་བར་བྱས་ནས། དེ་དག་ཀུན
76b7 དགྱེས་པར་རོལ་པའི་དཀྱིལ་གྱི་འཁོར་སྤྲིན་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་འདི་དག་བྱུང་ངོ་།། ཨོཾ་ཨིཿཧཱུ~ཾ་བཛྲ་པྲ་བེ་ཤ་ཨ་ལ་ལ་ཏོཿཞེས་བརྗོད་པས་འབྱེད་མེའི་རྒྱལ་མོ་རྣམས་ཤིན




iiif viewer powered by OpenSeadragon

76a - 77a

Texts on this page

Gdg011.3 - dpal gsang ba'i snying po de kho na nyid rnam par nges pa