| | e-texts navigator
|
76a1 ཁམས་ན་གནས་པའི་དབང་ཆེ་བ་དང་། གཟི་བརྗིད་ཆེ་བ་དང་། མཐུ་ཆེ་བའི་དབང་ཕྱུག་ཆེན་པོ་ལ་སོགས་པ་ཐམས་ཅད་བརྒྱལ་རབ་ཏུ་བརྒལ་བར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་ཉིད་འཇིགས་བྱེད་ཆེན་པོ་ཤིན་ཏུ་རྔམ་པ་སྐྱེ་བུང་ཞེས
76a2 བྱེད་པ་འབར་བ་ཆེན་པོའི་ཁྲག་འཐུང་། སྐུ་སྨུག་གནག་ཅིར་ཡང་འགྱུར་བ། དབུ་དང་ཕྱག་དང་ཞབས་སྟོང་ཁམས་ཀྱི་རྡུལ་སྐྱེད་མཚོན་ཆ་སྣ་ཚོགས་འཛིན་པ་དེ་དབུ་གསུམ་ཕྱག་དྲུག་ཞབས་བཞིར་གྱུར་ཏེ། དུར་ཁྲོད་ཆེན་པོར་དགྱེས་ནས་ཁྲག་གི་རྒྱ་མཚོའི་དཀྱིལ་ན་ཀེང
76a3 རུས་ཆེན་པོའི་རི་རབ་ཀྱི་སྟེང་། འབར་བ་ཆེན་པོའི་འཁོར་ལོའི་ཀློང་དཀྱིལ་ན་དབང་ཕྱུག་ཆེན་པོ་དང་། དུར་ཁྲོད་ཀྱི་བདག་པོ་དྲེགས་པ་ཁྱོ་ཤུག་གི་གདན་ལ་བརྐྱང་བསྐུམ་དུ་བཞུགས་སོ།། ཁྲོ་བོའི་དཀྱིལ་འཁོར་སྤྲིན་ཕུང་གི་ཚོགས་ཐམས་ཅད་དེ་དག་ཀྱང་ལ་ལ་ནི་དཔལ་ཁྲག་འཇ
76a4 ཆེན་པོ་རྡོ་རྗེར་གྱུར་ཏེ་ཤར་ཕྱོགས་སུ་བཞུགས་སོ།། ལ་ལ་ནི་དཔལ་ཁྲག་འཐུང་ཆེན་པོ་རིན་བྲེ་ཞིང་གྱུར་ཏེ་ལྷོ་ཕྱོགས་སུ་བཟུགས་སོ།། ལ་ལ་ནི་དཔལ་ཁྲག་འཇུང་ཆེན་པོ་པདྨ་དྷར་ཏེ་ནུབ་ཕྱོགས་སུ་བཞུགས་སོ།། ལ་ལ་ནི་དཔལ་ཁྲུག་འཐུང་ཆེན་པོ་ཀུན་དུ་ལས་སུ
76a5 བྱང་ཕྱོགས་སུ་བཞུགས་སོ།། དེ་དག་ཀུན་ཀྱང་འཇིགས་བྱེད་ཆེན་པོའི་ཆ་ལུགས་དང་། ངམ་པའི་ང་རོ་དང་། འབར་བའི་གློང་ན་དབུ་གསུམ་ཕྲག་དྲུག་ཞབས་བཞིས་དྲི་ཟ་དང་། གནོད་སྦྱིན་དང་། སྲིན་པོ་དང་། གཤིན་ཇེ་ལ་སོགས་པ་གྱོ་ཤུག་གི་གདན་བྱས་པ་ལ་བཞུགས
76a6 སོ།། བཙུན་མོ་ཁྲག་འཐུང་ཆེན་མོ་རྣམས་ཀྱང་སོ་སོར་སྐུ་ལ་འཁྲིལ་བའི་ཚུལ་གྱིས་བཞུགས་སོ།། རིགས་ལྔའི་ཧེ་རུ་ཀ་ལས་གཅིག་ཏུ་བསྟིམ་སྡེ་བསླུས་ནས། གཅིག་གིས་མང་པོ་འདུལ་བའི་ངོ་མཚོར་བསྟན་ཏེ། དེ་ནས་དྲེགས་པ་ཆེན་པོ་ལ་སོགས་པ་གཏམ་པོའི་སེམ
76a7 ཀྱིས་གདུག་པའི་རྫུ་འཕྲུལ་ཆེན་པོ་སྣ་ཚོགས་པ་བསྟན་ནས་མགྲིན་གཅིག་ཏུ་གདུག་པའི་ང་རོས་གླང་པོའི་གཏུམ་ཚིག་ཏུ་སྨྲས་པ། ཐོང་ཐོང་སྙིང་རྗེའི་བདག་པོ་ཅི་དེ་ལྟར་བྱེད་དམ་ཞེས་འཛེར་ཅིང་ཤིན་ཏུ་གདུག་པའི་སེམས་ཀྱིས་ཁྲོས་ནས་རྔམ་མོ།། དེ་ནས་བཅོམ་ལྡན
iiif viewer powered by OpenSeadragon
75b - 76b