| | e-texts navigator
|
75b1 པ་དང་། རབ་ཏུ་འཇིགས་པའི་རླུང་ནག་དང་། གྲང་བ་དང་། ཚ་བའི་དབུགས་ཀྱིས་ཕྱོགས་བཅུ་ཀུན་དུ་ཁམས་འཁྲུག་པར་བྱེད་པ། ནད་བཞི་བརྒྱ་རྩ་བཞིས་འདེབས་པར་བྱེད་པ། མྱོས་ཤིང་ཉམས་པར་བྱེད་པའི་མཐུས་ཀླུའི་རིགས་དང་། ལྷ་མ་ཡིན་གྱི་རིས་དང་།
75b2 ལྷའི་རིས་དང་། ཚངས་པའི་རིས་དང་། འོད་གསལ་དང་། དགེ་རྒྱས་དང་། འབྲས་བུ་ཆེ་བ་མན་ཟད་དབང་དུ་བསྡུས་སོ།། དེ་སྐྱོན་བསྟེན་པའི་སྟོབས་ཀྱིས་ཐམས་ཅད་མཁྱེན་པས་གཟིགས་ནས་ཐུགས་རྗེས་འདུལ་བར་གྱུར་ཏོ།། དེ་ནས་དེ་བཞིན་གཤེགས་པ་ཆེན་པོའི
75b3 རྡོ་རྗེ་བཀོད་པ། སྒྱུ་འཕྲུལ་དྲུབས་འཇིག་རྟེན་དྲུག་གི། ཕྱོགས་བཅུའི་སྲིད་པ་གསུམ་སྟེ་བདག་པོ་འདུལ་པོའི་རི་གྲུལ་ཆེན་པོ་གཟི་བརྗིད་ཆེན་མོ་བསྟན་པའི་ཕྱིར།། དེ་བཞིན་གཤེགས་པ་ཐམས་ཅད་སྐ་དང་། གསུང་དང་། ཐུགས་རྡོ་རྗེའི་གདུག་པོ་བཅོམལྡན
75b4 འདས་དགྱེས་པ་ཆེན་པོ་ཁྲོ་བོའི་རྒྱལ་པོའི་དཀྱིལ་འཁོར་གྱི་སྤྲིན་འབྱུང་བ་ཆེན་པོ་རྣམ་པར་སྤྲོས་པའི།། སྒྱུ་འཕྲུལ་དྲ་བའི་རྒྱལ་པོ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། དེ་བཞིན་ཉིད་ཀྱི་དབྱིངས་ལས་ཁྲོ་མོ་དབང་ཕྱུག་མ་ཆེན་མོ་མངོན་དུ་ཕྱུང་སྟེ། ཧི་ཧི་དགྱེས་པའི་གཟི
75b5 མདངས་ཀྱིས་པདྨ་རྒྱས་པར་མཛད་ནས་ནི་གཉིས་སུ་མེད་པར་དགྱེས་པའི་འཁྲིལ་བས་ཐིམ་ནས། བྱང་ཆུབ་སེམས་ཀྱི་སྤྲིན་ལས། ཧཱུ~ཾ་ཧཱུ~ཾ་ཧཱུ~ཾ་པི་ཤྭ་བཛྲ་ཀྲོདྷ་ཛྭ་ལ་མཎྜལ་ཕཊ་ཕཊ་ཕཊ་ཧ་ལ་ཧ་ལ་ཧ་ལ་ཧུ~ཾ་ཧཱུ~ཾ་ཕཊ། ཅེས་བརྗོད་པས། འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་པ
75b6 ཁྱབ་པར་གྱུར་ཏོ།། ཁྲོ་བོའི་དཀྱིལ་འཁོར་གྱི་ཚོགས་སྟོང་གསུམ་གྱི་འཇིག་རྟེན་ཙམ་ཕྱོགས་བཅུའི་རྡུལ་ཕྲ་མོ་སྙེད་འཐེན་པར་གྱུར་པས། འཇིག་རྟེན་དྲུག་གིས་ཕྱོགས་བཅུ་ཐམས་ཅད་གཡོས། རབ་ཏུ་གཡོས། ཀུན་དུ་གཡོས་སོ།། འུར་ཐར།། རབ་ཏུ་འུར་ངུར། ཀུན
75b7 དུ་རབ་ཏུ་འུར་འུར་རོ།། ཆེམ་ཆེམ། རབ་ཏུ་ཆེམ་ཆེ་མ། ཀུན་དུ་རབ་ཏུ་ཆེམ་ཆེམ་མོ།། ཤིག་ཤིག། རབ་ཏུ་ཤིག་ཤིག། ཀུན་དུ་རབ་ཏུ་ཤིག་ཤིག་གོ།། གཏོར་གཏོར། རབ་ཏུ་གཏོར་གཏོར། ཀུན་དུ་རབ་ཏུ་གཏོང་ག་ཏོར་རོ།། འཇིག་རྟེན་དྲུག་གི་ཕྱོགས་བཅུའི་སྟོ
iiif viewer powered by OpenSeadragon
75a - 76a