| | e-texts navigator
|
312a1 །། ཅན།། འགྲོ་བའི་དོན་སྲུང་རབ་ཏུ་བརྩོན་པ་མཐའ་ཡས་པ།། ཐུགས་རྔ་ཆེན་པོའི་བདག་ཉིད་རྟག་ཏུ་རྣམ་པར་སྣང་།། ཚད་མེད་ཚད་དང་བྲལ་བ་ཤིན་ཏུ་རྫོགས་པ་ཡི།། བདེ་བར་གཤེགས་པའི་གོ་འཕང་དམ་པ་ཤིན་ཏུ་མཉེས་གྱུར་ཀྱང་།། ཁམས་གསུམ་རྣམས་ལ་དངོས་གྲུབ་མཆོག
312a2 སྩོལ་མཛོད་པ་ཡི།། ཐུགས་རྗེའི་སྤྱོད་པ་མི་གཡོ་འགག་པར་ཡང་མི་འགྱུར།། ཨེ་མ་ཧོ་ཤིན་ཏུ་བཟང་པོའི་ཆོས་ཉིད་མཆོག་དང་ལྡན།། མཆོག་སྤྲིན་རྣམས་ཀྱི་ནང་ན་གོ་འཕང་མཆོག་མཉེས་པས།། ཁམས་གསུམ་ཀུན་ལ་དངོས་གྲུབ་མཆོག་སྒྲོལ་མཛད་པ་ཡི།། མགྲོན་པོ་དུས་གསུམ
312a3 སྒྲིབ་པ་མེད་པར་རབ་མཁྱེན་།། དམ་ཚིག་མཆོག་གསུམ་དངོས་གྲུབ་དམ་པ་བདག་ལ་སྩོལ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཤིན་ཏུ་གདུག་པ་འདུལ་བའི་ཚོགས་རྣམས་ལ་ཡོན་ཏན་བསྔགས་པ་འདི་གསུངས་སོ།། སྒེག་པ་དཔའ་བ་འདིས
312a4 སུ་རུངས་པ་དང་།། ནོད་དང་གཤེ་དང་རྔམས་པའི་ང་རོ་དང་།། སྙིང་རྗེ་རྔམ་དང་ངོ་མཚར་ཆེན་པོ་དང་།། སྐྲ་ཡི་དངོས་པོ་ཤིན་ཏུ་འགྱུར་བའི་ག་ར།། དུར་ཁྲོད་རུས་པའི་རྒྱན་རྣམས་རབ་ཏུ་མཛད།། ཐེག་མཆོག་གླང་ཆེན་ཀོ་བ་བརྗིད་དང་ལྡན།། ཐབས་མཁས་ཞིང་ཆེན་པགས་པ་མཛེས་པར།
312a5 རྒྱན།། འོད་སྒེག་སྟག་གི་པགས་པ་ཆོས་ཉིད་རྒྱན།། རཀྟ་ཐལ་ཆེན་ཞག་གིས་མི་སྲིན་དབང་དུ་སྡུད།། བདུད་དང་སྲིན་པོ་ཚར་གཅོད་ཅུ་རྔ་སྒྲོལ།། དཔའ་རྟགས་མཚོན་ཆ་ཐབས་ཀྱི་ཡེ་ཤེས་མེ།། བདུད་ཀྱི་བདུད་འཇོམས་བདུད་དཔུང་ཐལ་བར་རློག། དག་པོ་དྲག་ཆེན་དྲག་ཏུལ་ཧེ་རུ་ཥ།། མཚན
312a6 དཔོས་རྒྱན་ལྡན་འགྲོ་བའི་དོན་མཛད་པ།། སྐྲ་ཡི་གར་མཛད་གསང་སྒོར་འགྲོ་བ་འདུག། ཏུག་ཆོམ་འབྲུག་སྒྲ་སྟོང་ཁམས་བགེགས་ལ་སྒྲོགས།། ཀད་རྒྱངས་གད་མོས་གསང་བའི་བཤུགས་ཀླུ་ལེན།། རྟག་ཆད་མུ་སྟེགས་འགོག་པ་ཉན་ཐོས་བུ།། དམན་པའི་ཐེག་པ་ལོག་ལྟ་འབྱུང་པོ་འདུལ།
312a7 སེང་གེའི་ང་རོས་གཅན་གཟན་གཟུག་པ་འདུལ།། ཚངས་པའི་དབྱངས་ཀྱིས་སྐལ་ལྡན་རྣལ་འབྱོར་མྱོང་།། ཆོས་འཆད་ལོག་ལྟ་ཚར་གཅོད་བདུད་རྡེགས་འདུལ།། ངན་སོང་སྟོངས་མཛད་ཐར་པའི་ལམ་ལ་འགོད།། ཐུགས་རྗེས་འདྲེན་པ་སྙིང་རྗེའི་རྒྱུག་བག་ཅན།། སྨོན་འཇུག་སེམས་ལྔ་བརྐྱེད
iiif viewer powered by OpenSeadragon
311b - 312b