| | e-texts navigator
|
297b1 ཚོགས་དང་བཅས་པས་འང་ས་དང་།། ཨེམ་ཏོ།། མཐམ་ཡང་བྱས་པའོ།། ཀྱེམ་ཟེས་བམས་རྣམས་མང་པོབས།། བྱང་ཆུམ་མས་དཔའི་ཀྱིལ་འཁོར་ཉིད།། ཕྱོགས་བཅུང་དུལ་བྱེད་ཀུར་པ་།། ས་མེད་པ་སྔ་མ་དགྲོས་པ་ཏང་།། ཐུགས་དང་།
297b2 ཤེས་ངང་དུ་བུབ།། ཅེས་བརྗོད་པས། དེ་དག་འདུས་པར་དེ་བཞིན་གཤེགས་པ་ཉིད་ཀྱིས་མཁྱེན་ཏོ།། དེ་ནས་གསང་བའི་བདག་པོས། བསྟོད་དེ་རྗེས་སུ་ཡི་རང་ནས་བསྡུས་ཏེ་གཏད་པ། ཕྱོགས་བཅུ་དུས་གསུམ་བདེ་གཤེགས་པདག། གཏི་མུག་ཆེན
297b3 བཞིན་ཅན།། འདོད་ཆགས་ཆེན་པོའི་བདག་པོ་སྟེ།། ཞེ་སྡང་ཆེན་པོའི་ངོ་བོ་ཉིད།། དོག་པ་རྣམ་དག་སྒྲ་གསུང་བདག། གསལ་བར་བདེ་བ་དགྱེས་པ་ཧོ།། ཞེས་བརྗོད་དོ།། དེ་ནས་ངག་ཏུ་འདི་བརྗོད་དོ།། ལོག་ལྷ་ཡོངས་སུ་གཏད་དེ་བསྡང་པ་ནི། ཨོཾ་སུམྦྷ་ནི
297b4 སུམྦ་དྷ། གྲྀཧྞ་གྲྀཧྞ་ཧཱུཾ། གྲྀཧྞཱ་ཕ་ཡ་གྲྀཧྞཱ་པ་ཡ་ཧཱུ~ཾ། ཨཱ་ན་ཡ་ཧོ། བྷ་ག་ཨཱན་བིདྱཱ་རཱ་ཛ་ཧཱུ~ཾ་ཕཊ། ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ། སརྦ་དུཥྚཱན་ཕཊ། ཀཱི་ལི་ཀཱི་ལ་ཡ། སརྦ་པཱ་པཾ་ཕཊ། ཕཊ་ཕཊ་ཧཱུ~ཾ་ཧཱུ~ཾ་བཛྲ་ཀཱ་ལ་ཡ། བཛྲ་དྷ་རོ་ཨཱ་ཛྙཱ་པ་ཡ་ཏེ་ཀཱ་ཡ་ཝཱ་ཀ་ཙིདྷ་བཛྲ་པཱ་ལ
297b5 ཕཊ། ཅེས་སྣོང་མ་ཡིན་རྣམས་བསྐྲད་ཅིང་མི་ལྡང་བར་བྱས་ཏེ། བུད་མེད་ཀྱི་ཚོགས་གང་ཡིན་པ་ལ་ཡོངས་སུ་གཏད་ཅིང་ཆོས་ཀྱི་མིག་ཅན་ལ་ཁྲོ་བར་གྱུར་ཏོ།། སྟོབས་ཀྱི་དབང་ཕྱུག་བསླབ་པ། དཀའ་བ་སྤྱོད་པ་མན་ངག་གི་སྙིང་པོ་ཞེས་བྱ་བའི་ཀྱད་རྫོགས་སོ།།
297b6 རྒྱ་གར་སྐད་དུ། སརྦ་བུདྡྷ་ས་མ་ཡོ་ག་ཏནྟྲ་རཱ་ཛ་ནཱ་མ། བོད་སྐད་དུ། སདྨ་རྒྱས་ཐམྦ་ཅད་མཉམ་པར་སྦྱོར་བ་ཞེས་བྱ་བ་རྒྱད་ཀྱི་རྒྱལ་པོ།། བཅོམ་ལྡན་འདས་ཡེ་ཤེས་དབུགས་འབྱིན་གྱི་རྒྱལ་པོ་ཤིན་ཏུ་རྣམ་པར་གྲོལ་བ་ཉིད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་གོ་བ་ཉིད་ཀྱི
297b7 ཐོས་པའི་དུས་ན། དུས་གསུམ་སངས་རྒྱས་འདུས་པའི་སྐུ།། སྣ་ཚོགས་སྣང་བ་གཅིག་པུ་ཉིད།། འདི་ནི་རང་བྱུང་བཅོམ་ལྡན་འདས།། གཅིག་པུ་རབ་ཏུ་ཆེ་བའི་ལྷ།། རྨོངས་པ་གདུང་བ་སེལ་བའི་འོད།། རང་རིག་དཀྱིལ་འཁོར་འོད་གསལ་ཞིང་།། བརྗིད
iiif viewer powered by OpenSeadragon
297a - 298a