e-texts navigator
Collection
Volume
Page
Wylie

255a1 རང་བྱུད་སྲུག་སུམ་ལྡན་གྱིས་གྲུབ།། གསང་སྔགས་རྡོ་རྗེའི་ཐབས་ཆེན་གྱིས།། འཁོར་བའི་རྒྱུ་འབྲས་ཟག་པ་རྣམས།། གསེར་འགྱུར་འོད་དང་བདུད་རྩི་ལྟར།། བདེ་བ་ཆེན་པོར་བྱིན་གྱིས་བརླབ།། སྲུགསུང་ཐུགས་ཀྱི་ཐིག་མ
255a2 ཐབས་དང་ཤེས་རབ་ལས་བྱུང་ནས།། ཉི་བླ་ཡི་གེའི་སྟོབས་དག་གིས།། བརྗོད་བྲལ་རང་གི་མཚན་ཉིད་མཐོང་།། ཨ་ལས་བྱུང་བའི་གསང་ཐིག་ལེ།། རང་སྣང་འཁོར་ལོར་གནས་བརྒྱད་པ།། ཆུ་ལས་བྱུང་བའི་ཐིག་ལེ་ལྟར།། ཨ་ལས་བྱང་ཞིང་ཨ་ལ་ཐིམ།། རོལ
255a3 པསྤུ་འཕྲུལ་དྲ་བ་ལས།། མ་འརྗོད་གསུང་ཉིད་རང་སྣང་བས།། མ་ལུས་བརྗོད་བྲལ་བདེ་བའི་གསུང་།། སྦྲུལ་ལྡན་རྣམས་ལ་རང་བཞིན་སྤང་།། ནམ་མཁའ་རིན་ཆེན་ཕོག་པ་ལྟར།། ཐིག་ལེ་བདེ་བས་རྒྱས་བཏབ་ནས།། ཕྱོགས་བཏུངས་བཞིའི་ཞུ་གསུང་ཐུགས།།
255a4 བདེ་ཆེན་ཟག་མེད་རྒྱས་པར་འགྱུར།། རང་སྣང་སྐུ་ཡི་འཁོར་ལོ་ལ།། རང་བཞིན་གསུང་གི་དཀྱིལ་འཁོར་ཉིད།། གཡས་དང་གཡོན་གྱིས་དབྱེ་བ་ཡིས།། སྡེ་ཚན་བརྒྱད་དང་བྱེད་པ་དང་།། ཁྱབ་འཇུག་གསུམ་ཡང་དེ་བཞིན་ཏེ།། རིམ་པར་བཀོད་པས་རང་སྣང
255a5 པས།། འཇིག་རྟེན་འདས་དང་མ་འདས་པའི།། ཇི་སྙེད་བསྒྱུར་བའི་ལས་རྣམས་འབྱུང་།། རྒྱལ་བ་བཞི་བཅུ་རྩ་ལྔ་ཡི།། ངོ་བོ་ཉིད་དུ་ངེས་པས་ན།། ཁུ་བརྩ་ཡི་གཟུགས་དག་གིས།། སྐུ་གསུང་ཐུགས་དང་ཡེ་ཤེས་ལྔར།། མ་བཙལ་ལྷུན་གྱིས་གྲུབ་པའོ།།
255a6 རྟེན་གྱི་དཀྱིལ་འཁོར་གང་བརྟེན་པ།། སྒྲ་དང་གསུང་ཐུགས་ཡོན་ཏན་ནི།། རྒྱུ་དང་ལམ་དང་འབྲས་བུ་དང་།། ལུས་ཅན་ཁྱབ་པའི་རང་བཞིན་ཏེ།། ཆུ་ཡི་འཁོར་ལོ་དབྱིབས་ཀྱི་ཚུལ།། གང་ལ་ཐབས་ཀྱི་རྐྱེན་གྱུར་ཅིང་།། བདེ་བ་བསྐྱོད་དང་སྨིན་པ་ལས།། དབྱིབས
255a7 དང་ཚུལ་ནི་དབང་དྲག་ཡིན།། གྱེན་དུ་འདྲེན་དང་ཐུར་དུ་བསྐུལ།། འཁོར་ལོ་བཞི་ལ་རྒྱས་འདེབས་ཡིན།། གསང་བའི་ལམ་ནས་ཐབས་བསྔལ་བ།། བཅུད་པའི་ལམ་ནི་སྐུ་གསུང་ཐུགས།། སུམ་ཅུ་རྩ་གཉིས་ཁྱབ་པའི་རྩ།། འབྱུང་བའི་ཐིག་ལེ་གནས




iiif viewer powered by OpenSeadragon

254b - 255b

Texts on this page

Gdg011.6 - sgyu 'phrul thal ba'i rgyud chen po