e-texts navigator
Collection
Volume
Page
Wylie

254b1 སློང་བྱ་ཐབས་ཀྱི་ཀྱོར་བྲ་ལས།། སྦལ་པའི་ལྕེ་ཀྐོ་ཀྐོ་བྱེམ་པས།། སྐྲ་དང་བཅས་པའི་བདེ་བར།། རང་སྡང་གསུང་གི་དཀྱིལ་འཁོར་ཉིད། ལྗང་ཟག་དངས་སྡིགས་ཀྱི་བ་ལས།། གཡས་གཡོན་གཉིས་མེད་གསང་བའི་ལམ།། དབུག་དང་བཐག་པའི་ཐབས་ཉིད་དེ།
254b2 བྱེད་པ་སྡོམ་པའི་ཐབས་ཀྱིས་མཚོན།། རང་བྱུང་ཡེ་ཤེས་ལཱྀ་ལི་རོ། ཁྱབ་པའི་ཚུལ་གྱིས་སྣང་བར་བྱེད།། ཉི་ཟླ་གསང་སྦྱོར་བྲིག་ལེ་ལས།། གནས་དང་བསྟིམས་ནས་དབྱེར་མེད་པས།། མ་ལུས་པའི་ཆེན་ལྷན་ཅིག་སྐྱེས།། རང་རིག་མ་བཅོས་མངོན་སུམ་གསལ
254b3 གནས་དང་འབྱུང་བ་མ་ལུས་པ།། རང་རིག་ཡེ་ཤེས་གཟུགས་སུ་སྐྱེ།། དེ་ཉིད་བདེ་ངར་རང་གསལ་བ།། རང་སྤྱང་ཐུགས་ཀྱི་དཀྱིལ་འཁོར་ཡིན།། རང་བྱུང་ཇིག་ལེ་ཉམས་སྐྱེས་པ།། དང་བ་དང་རྟེན་གྱི་ཕྱག་རྒྱ་ལས།། བཟུང་བའི་རླུང་ལ་འགྲོ་འོང་མེད།།
254b4 བཟློག་པ་ཐུགས་ཀྱི་ས་བོན་ཅན། འདི་ནི་ཐབས་ལྡན་གང་ཟག་ལ།། འཁོར་བའི་བག་ཆགས་མ་ལུས་པ།། པདྨ་རྡོ་རྗེའི་མན་ངག་གིས།། ཉི་འོད་མུན་པ་བཞིན་དུ་སེལ།། བསྐྱོད་པ་ཐབས་བཞིས་འོད་ཟེར་གྱིས། ཐིག་ལེ་ཨ་ལ་ཅུང་ཟད་འོག།། རང་བྱུང་གས
254b5 བའི་ལམ་དུ་འདྲི་ལ།། ཧ་ཡི་པདྨང་འབྱུང་བ་ལ།། ཐུགས་ཀྱི་ས་བོན་ཐབས་བཅུས་པས།། རང་དྲང་འཁོར་ལོར་ཐིམ་པ་ནི།། ཆུ་ལ་ཆུ་ལྟར་གནས་པར་བྱེད།། ལན་རྗེ་ཆུ་ལ་ཐིམ་པ་ལྟར།། མ་ལུས་བདེ་ཆེན་སྙིང་པོར་ཐིམ།། མ་ལུས་རང་རིག་བདེ་ཆེན་ཏེ།། ཐ
254b6 དུང་གཉིས་པའི་ཐོས་མེད་དེ།། སེམས་མེད་བདེ་ཆེན་སྙིང་པོར་གསལ།། ཀྱེ་མེད་སྟོང་པའི་ཐིག་ལེར་ཐིམ།། འགྲོ་བ་མ་ལུས་ཐམས་ཅད་དག། གནས་པའི་སྟོབས་ནི་ཟད་པ་ན།། འདུས་པ་ཝ་ཡེ་རིམ་པ་ཡིས།། བག་ཆགས་སྙིང་པོར་རང་ཟད་ནས།། འོད་གསལ
254b7 སྦྱོང་བར་སྣང་བས་ན།། རི་དགས་མེད་པ་ནམ་མཁའ་བཞིན།། པར་མར་སྒྲ་མའི་ལུངས་ཐོ་ནས།། མ་འོངས་ལོངས་སྤྱོ་རྫོགས་པར་བཞེད། ཉེ་ཟླ་འདྲེས་ཤིང་ཟུང་འདུག་པས། སྤྲུལ་པ་གཟུགས་ཀྱི་སྒྲར་འགྱུར་རོ།། གནས་པ་ཐབས་ཀྱིས་གསལ་བྱས་།




iiif viewer powered by OpenSeadragon

254a - 255a

Texts on this page

Gdg011.6 - sgyu 'phrul thal ba'i rgyud chen po