| | e-texts navigator
|
253b1 བཞིར་སྙིང་པོ་ཐིམ་པ་ལས།། དངོས་པོ་བྱ་ནང་ཡུལ་འགགས་པས།། བདེ་ཅན་སྣུ་མ་ལས་བྱུང་ཞིར་།། མ་སྐྱེས་ཡེ་ཤེས་གསལ་བར་མཐོང་།། དངས་མའི་ཉམས་ཀྱི་རྟགས་འབྱུང་བ།། འཛག་དང་འདར་དང་འཕར་བ་དང་།། རྒྱག་དང་གྲཝ་དང་སྭ་སློ་ཀླུ་དང་།། འབར།
253b2 དང་བདེ་བ་འབྱུང་བ་དང་།། ཐར་དང་འཆང་མེད་མངོན་ཤེས་དང་།། སྐྱེ་མཆེད་ནམ་མཁའི་རང་བཞིན་གསལ།། ཐབས་དང་ཤེས་རབ་མངོན་སྦྱར་བའི།། ཉི་ཟླ་འདྲེས་པའི་གར་ཐབས་ཀྱིས།། ཐིག་ལེ་འཁོར་ལོ་བསྐུར་བའི་ཚེ།། ཐབས་ལྡན་གཉིས་མེད་གསཔ
253b3 པར་འགྱུར།། ཐབས་ཆེན་ཐབས་ལ་གནས་པ་ཡིས།། པདྨ་རྡོ་རྗེ་སྦྱོར་བ་ཡི།། གསང་བའི་ཐིག་ལེ་ཟུང་འཇུག་པས།། དྲངས་ཏེ་མ་ལུས་གང་བ་ཡིས།། ཕུང་པོ་རྣམ་ཤེས་ལྔ་ཆགས་ལ།། ཐིག་ལེ་ཐབས་ཀྱིས་ཟིན་པ་ལ།། ལྷན་ཅིག་སྐྱེས་པར་རང་སྡང
253b4 བས།། རྟོག་པའི་བྱེ་བྲག་རང་འགགས་ཤིང་།། ལས་དང་སྒྲོན་བྲལ་པདྨ་ཅན།། བདེ་བའི་ཐིག་ལེ་མ་སྐྱེས་པས།། མ་རིག་གཉིས་འཛིན་ལ་སོགས་པའི།། ཕྱི་ནང་བདེ་བ་ཆེན་པོ་གསལ།། བདེ་ཆེན་སྒྱུ་མར་རང་སྣང་བས།། ཕྱི་ནང་བདག་གཞན་ལོག་པའི
253b5 སེམས།། བདེ་ཆེན་རང་བྱུང་ཐིག་ལེར་གནས།། རང་བྱུང་རྟེན་གྱི་ཐིག་ལེ་ལ།། མན་ངག་ཐབས་ཀྱི་བདེ་བྱས་པས།། དམན་པའི་མཚན་མ་རིང་སྤངས་ནས།། རང་བྱུང་ཡེ་ཤེས་མངོན་དུ་གསལ།། འདི་ནི་འཇིགས་བྲལ་ཚད་མ་སྟེ།། ངོ་བོ་ཉིད་ཀྱི་བདེན་མཐོང་ཞིང་།།
253b6 རང་བྱུང་ཡེ་ཤེས་མངོན་སུམ་པས།། དམན་པའི་ཚད་མ་རྣམ་པར་འཇིག། འཁོར་བ་མུན་པའི་ཕུང་པོ་ལ།། ཐབས་ཆེན་སྡང་བས་གསལ་བྱས་ནས།། རང་བྱུང་བདེ་བཐོག་མཐའ་མེད།། དག་ཉིད་དུ་གསལ་བར་བྱེད།། ཐིག་ལེ་ཟུང་འཇུག་བདེ་བན།། སེམས
253b7 མཐའ་ལྡོག་པས་གོ་ཕྱེ་ནས།། དཀྱིལ་འཁོར་དྲུག་གི་ཡུལ་རྣམས་སུ།། སྤྲུལ་པའི་ཐིག་ལེ་རང་ཤར་བའི།། སྡང་བའི་མཛད་པ་བསམ་མི་ཁྱབ།། ཆགས་སོགས་ཉོན་མོངས་ལ་རྟོག་རིལ།། གདུལ་ཕྱིར་སྤྲུལ་པ་ཞེས་སུ་བཤད།། སྒྲ་དབྱངས་གསུང
iiif viewer powered by OpenSeadragon
253a - 254a