e-texts navigator
Collection
Volume
Page
Wylie

251b1 བཤད་བྱུག།། ཐབས་དང་ཤེས་རབ་རོལ་པ་ཡ།། སེམས་ཀྭའི་ཁྱད་པར་སྣང་བ་འོ།། ཐལ་བའི་རྒྱང་འདིར་བཤད་པར་\ུ0f7f།། ཞབས་ཀྱི་རོལ་པར་གང་བསྐལ་བས།། ཤེས་རབ་རྟགས་པར་སླ་རང་ཉིད།། དེ་བཞིན་ཞུས་རབ་ཐབས་བརྒལ་བུས།། མ་བ།
251b2 བདེ་བས་ཞེན་པ་སེལ།། གཉིས་མེད་རོལ་པའི་སེམས་ལྔ་ཡིས།། རྡོ་རྗེ་འཆང་བ་ཉིད་དུ་འགྱུར། གཞན་ཡོད་བྱས་པར་བཤད་པར་བྱ།། ཐབས་དང་ཤེས་རབ་དབྱེར་མེད་པའོ།། ཐིག་ལེ་མི་བྱེད་རང་བཞིན་ཅེ།། རྡོ་རྗེ་ཕུང་པོའི་ཡན་ལག་ནི།། རྫོགས་པ
251b3 སངས་རྒྱས་ཝ་དྲགསལ།། ལྕེ་མཆེད་ཁམས་སོགས་ངོ་བོ་ཉིད།། སེམས་དཔའ་སེམས་མའི་རང་བཞིན་ནོ།། སྭརྦ་སྤྱན་དང་མཱ་མ་སྟྲཻ།། མུ་དྲུང་གོས་དཀར་གྲོལ་མཿ།། ནམ་མཁའ་དབྱིངས་ཀྱི་དབང་ཕྱུགས།། གསང་ཡུལ་དབང་པོ་རྣམ་ཤེས་རག།
251b4 ལུས་འཇོམས་པས་ཁྲོ་བ་སྟེ།། རྟག་སོགས་མཚན་ཉིད་ལས་སྐྱེས་ལ།། ཡུམ་སྟེ་ལས་ཀྱི་མི་གནས་བཤད།། ཡིད་ཆོས་བཟང་པོ་བཟང་མོ་མཁའ།། ཆགས་སོགས་ཡང་དག་ཉོན་མོངས་དྲུག། འདུལ་གྱིར་སྤྲུལ་པ་ཞེས་གསུངས་སོ།། ཐབས་ཆན
251b5 སྣང་བ་རབ་བསྒྲལ་བས།། ཤེས་རབ་ཐབས་ལ་གང་བསྐུལ་བ།། ཕྱོགས་བཅུ་དུས་བཞིམ་ལུས་པའོ།། སྡ་གྲག་གནས་པའི་ལྟོས་རྣམས་ཀུན།། དྲ་བ་ཞསར་བ་ཟབ་མོའི་དབྱིངས།། གང་ལ་གང་གིས་མི་མཁྱེན་ཞིང་།། མི་ཤེས་བྱིས་པའི་ཡུལ་ལས
251b6 འདས།། ཐབས་ལ་མི་གནས་དེ་བཞིན་ཉིད།། ཁྱད་པར་ཐབས་ཆེན་སྐུ་འཕྲུལ་འདས།། སྐལ་མེད་མ་སྦྱངས་ལྕི་བོ་དང་།། བྱིས་པའི་ལོ་གཞན་དག་སྦྲང་དང་།། མཐུན་མའི་རྣལ་འབྱོར་ཡུལ་མ་ཡིན།། ཐབས་དང་ཤེས་རབ་རོལ་པ་ནི།། དགའ་དང་བགད་དང
251b7 ཆགས་པ་དང་། བལྟ་དང་འཁྱུད་དང་འཛིན་དང་མཉེ།། འབུད་དང་སྟེང་དང་ཞལ་སྦྱོར་དང་།། བརྩེ་དང་གཞི་བ་དང་མྱང་དང་འཆའ།། ཆགས་པའི་གར་ཐབས་སྣ་ཚོགས་ཀྱིས།། ཐ་མལ་སྣང་བ་བདེ་བར་ཐིམ།། ཛཿབེ་ཧཱུཾ་ཧོཿའི་ཕྱག་རྒྱ་ཡིས།། བཟུང




iiif viewer powered by OpenSeadragon

251a - 252a

Texts on this page

Gdg011.6 - sgyu 'phrul thal ba'i rgyud chen po