e-texts navigator
Collection
Volume
Page
Wylie

250b1 པདྨའི་རིམ་གསུམ་པོ།། གཉིས་གསུམ་བརྒྱད་ཀྱི་ཁྱད་པར་ཅན།། མཐའ་མ་གནས་དང་ཡོན་ཏན་གྱིས།། མངོན་པར་མཐོ་བས་འོག་མིན་ཏེ།། ལས་དང་བཅུད་ཀྱིས་མཐའ་བྲལ་བ།། ཡེ་ཤེས་བཞི་ལ་དཔག་མི་རིགས།། དགོས་པ་འབྱུང་ལྡན་རིན་པོ་ཆེ།། ཡེ་ཤེས་ལྔ་ཡི
250b2 འཁོར་ལོ་བསྐོར།། སངས་རྒྱས་ངོ་བོ་སྣོང་བརྡུད་ཀྱེ།། སྤྱི་བོར་ཤིན་ཏུ་འཁྱིལ་པར་གནས། ཉུང་དཀར་སོར་གྱིས་སྤགས་པ་ནི།། ས་ཡ་བཅུ་གསུམ་བདེ་བས་བརྒྱན།། སྣ་ཚོགས་རོ་དང་ལྡན་པ་ཡི།། འདོད་ཡོན་བྱེད་པར་ཅན་གྱིས་མཛེས།། བདེ་བ་ཆེན་པོས་ཀུན་ཁྱབ་པའི
250b3 གང་ཡང་བདེ་བྱེད་ཕྱི་ནང་བྲལ།། འབྲས་བུའི་ཆོས་རྣམས་རྫོགས་པར་ལྡན།། བྱང་ཆུབ་མཆོག་ཏུ་ཉི་ཟླ་འབར།། དེ་ཉིད་བཞུགས་གནས་ཡིན་པར་བཤད།། བཅུད་ལྔ་ཡེ་ཤེས་ཁོ་ནའི་ཕྱིར།། དྲངས་སྡིགས་མེད་པར་ཀུན་ཏུ་གསལ།། སྒྲ་དབྱངས་གསུང་གི་གནས་བཞི
250b4 ཡི།། དབྱིབས་གསུམ་གསུམངོས་གཉིས་དང་།། བཞི་བཅུ་གཉིས་སུ་གྱུར་པ་ཡིན།། ས་ཡ་བ་ཏུ་གསུམ་ལས་རྫོགས་པར།། སྐྱེ་འགག་མེད་པའི་ངོ་བོས་ཡང་།། རྟེན་ཅན་ཇི་བཞིན་རྟེན་དེ་བཞིན།། ཉི་ཟླ་ཟབས་དང་ཤེས་རབ་ཀྱི།། རོ་གཉིས་མཉམ་པ་དུས་གསུམ
250b5 བཞུགས།། དངས་མའི་ཐིག་ལེ་ཆེན་པོ་ཡི།། བདེ་བའི་དངོས་པོར་ཡེ་ཤེས་སྣང་།། ཐབས་དང་ཤེས་རབ་མི་ཕྱེད་པའི།། ཞིག་ལེ་གསང་བའི་རོ་ལྡན་པའི།། མཚན་ཉིད་ཀུན་བཅོམ་པདེ་ཆེན་པོ།། རང་གི་ངོ་བོ་མ་གྲུབ་པས།། རང་བཞིན་ལྷན་ཅིག་སྐྱེས་པའི་ཕྱིར།། བཅོམ
250b6 ལྡན་དེ་བཞིན་གཤེགས་ཤེས་བྱ།། གཟུགས་ཕྱོགས་ལྷག་པའི་ཐིག་ལེ་ནི།། ལས་དང་ཡོན་ཏན་སྔོན་ལྡན་ཕྱིར།། རིག་པའི་རྒྱལ་པོ་ཉིད་དུ་བརྗོད།། བཅུང་ལྔ་འདུས་པའི་ཐིག་ལེ་ནི།། རྒྱུ་དང་གནས་ཀྱི་ཁ་དོག་ལྡན།། རོ་དང་ལས་ཀྱང་དེ་བཞིན་ཏེ།། རང་གི་མཚན
250b7 ཉིད་ཀུན་དུ་སྣང་།། གང་ཕྱིར་འབྱུང་སོགས་རང་བཞིན་ཉིད།། ཆེན་པོའི་བདག་ཉིད་ལྟར་སྣང་བ།། མཁའ་གྱོགས་སྙིང་ལ་གང་གནས་པ།། ཉམས་དང་སྦྱོར་པའི་ཁྱད་པར་གྱིས།། ཟབ་མོ་དག་གི་སྟོབས་ལས་སྣང་།། ཁྱད་པར་རིམ་བཞིན་ཤེས་པར་བྱ།། མཁའ་སོག




iiif viewer powered by OpenSeadragon

250a - 251a

Texts on this page

Gdg011.6 - sgyu 'phrul thal ba'i rgyud chen po