| | e-texts navigator
|
246a1 རྣམ་བཤིག་ན།། སོ་སོའི་མཚན་ཉིད་རྣམ་བཤིག་ནས།། གཞིགས་ན་ནམ་མཁའི་དང་དུ་ཞི།། ནམ་མཁའ་དཀོད་ལྔས་གཞོགས་ན།། མཚན་ཉིད་མེད་པའི་དབྱིངས་སུ་ཐིམ། ཐམས་ཅད་ཀུན་གྱི་འབྱུང་གནས་སོ།། གཞི་རྩ་མེད་པའི་སྐད་ཅིག་མ།
246a2 སེ
246a3 གནས་མེད་དེ།། སྣང་བའི་དངོས་པོ་མེད་པ་ལ།། ཉོན་མོངས་བློ་ཡིས་བྱུང་དུ་མེད།། བསྒོ་དང་བསྒོ་བར་བྱ་བ་མེད།། དེ་ལྟར་སྒོ་བྱེད་དངོས་པོ་མེད།། མེད་བཞིན་སེམས་ཀྱིས་ལོག་བརྟགས་པ།། ཁམས་གསུམ་བཙོན་རར་རྟག་ཏུ་འཁོར།། ཡིད་ཀྱི་རྣམ་པར་ཤེས་པ་ནི།།
246a4 ང་འི་ང་གཉིག་།། ནད་ཅིག་སུང་ཙལ་རྟོག་པ་འིམ། པཉིད་ཀྱང་འགྲུམ། ཡུལ་གྱི་ས་པ་འབྲོག། འདི་ཐཾ་བཞིན་ཏུན་ཉིད་། རྣམ་ཤིང་བྱ་ཕྱུགས་པ། ཁྲིམ་ས་བྱུང་བྱེད། ང་ག་དང་གས
246a5 ཤང་ཁ་ནི་རླུང་འཕོ་འདྲ།། རླུད་ནི་ཡོངས་སུ་མ་ཆུད་པ།། འདྀའི་ཀུན་དུ་འབྱུང་བ་ཡིན།། དེ་ལྟར་དོན་རྣམས་དངོས་པོ་མེད།། ཆུ་དང་རླུང་དང་རླབས་འཛུག།། དེ་གསུམ་གཅིག་དངས་སོ་མིན།། དེ་བཞིན་ཀུན་བཞི་ཉོན་མངས་ཡིད།། གཅིག་པ་མ་ཡིནས་ས་མན།
246a6 ཀྱི་དབྱིངས་དང་མཉམ་པའི་དབྱིངས།། ཐམས་ཅད་ཡེ་ཤེས་དབྱེར་མེད་ཅིང་།། གཅིག་ཏུ་ཡང་ནི་བརྗོད་པ་མེད།། དེ་ལྟར་མ་ཏོགས་སེམས་ཅན་ཡིན།། རྟོགས་ན་སངས་རྒྱས་གུད་ན་མེད།། བྱང་ཆུབ་སེམས་ཀྱི་དེ་བཞིན་ནི།། ཤིན་ཏུ་མི་དམིགས་བརྟག་དཀའ་བ།། ཡེངས་ལ
246a7 རྒྱ་ཆོ་གཏེར་ཟབ་པ།། ཤེས་རབ་ཟབ་པས་རྟོགས་འགྱུར་ཏེ།། གང་ནས་མ་འོངས་གར་མི་འགྲོ།། འོད་དང་འགྲོ་བར་བྱ་བ་མིན།། ཤིན་ཏུ་བརྟག་དཀའ་མི་དམིགས་པ།། མཐའ་དང་དབུས་ཀྱང་བརྟག་ཏུ་མེད།། གཟུང་འཛིན་བྲལ་བའི་རང་ཉིད་ནི།། དམིགས་མེད་ཚུལ་དུ་དེ་ལྟར
iiif viewer powered by OpenSeadragon
245b - 246b