| | e-texts navigator
|
243b1 རབ་བ་བཛདང་།། ཆགས་དང་ཆགས་པར་བ་བམེད།། ཆགས་མོད་ཕྱིར་ཡ་ང་ས་དྷ་ན།། ལན་ཏ་གཏེ་བ་འདམ་ཤོས།། ཐམས་ཅད་འབྱུང་བའི་གནས་ཡིན་ཏེ། དེ་བསོ་པང་དཔྱོད་ས་མ་ལུས་ལ།། མད་མྱོ་བླ་དྷཱའགྱུ་དུ། དུནན
243b2 གསེར་གྱི་མདོག་ཏུ་བསྟན།། ཆོས་རྣམས་ཕྱིན་ཅི་ལོག་རྣམས་ལ།། ཐུགས་རྗེ་ཆེན་པོའི་བྱིན་བརླབས་ཀྱིས།། དབྱིངས་སུ་ཡང་དག་བསྡུ་དགོས་པས།། ལས་རྣམས་མ་ལུས་རྫོགས་པར་བྱེད།། ཀུན་དུ་ལས་ནི་ལྗང་གུའི་མདོག། དེ་བཞིན་ཅིད་ཀྱི་དབྱིངས་ཉིད
243b3 ལས།། ཅིས་ཀྱང་མི་ཚུགས་བཅོས་སུ་མེད།། ཁ་དོག་ནག་པོ་དངོས་པོ་ལ།། ཚོན་གཞན་དག་གིས་བསྒྱུར་དུ་མེད།། དེ་བཞིན་ཀུན་ལ་ཤེས་པར་བྱོས།། ཕྱོགས་ལྟ་ཞེས་བྱ་བའི་དམ་ཚིག་ནི། མཐའ་དང་དབུས་མེད་དེ་བཞིན་དུ།། དབྱེར་མེད་དང་དུ་གནས།
243b4 པ་ལ།། ཡེ་ཤེས་རྟོགས་པའི་དོན་བ་ཕྱིར།། ཕྱོགས་དང་དབུས་སུ་གནས་པར་བྱ།། སེམས་ཅན་མ་རིག་མདངས་པ་ལ།། ཉོན་མོངས་མི་རིག་བསལ་བྱའི་ཕྱིར།། ཡེ་ཤེས་སྒྲོན་མ་འོད་འབར་བས།། མ་རིག་མུན་པ་སེལ་བར་བྱེད།། དེ་ཕྱིར་དེ་ལ་ཤར་ཞེས་བྱ།
243b5 སེམས་ཅན་མ་ལུས་ཐམས་ཅད་ལ།། ཉོན་མོངས་སྡུག་བསྔལ་མི་གནས་ཤིང་།། མ་རིག་མུན་པ་ནུབ་འགྱུར་བས།། དེ་ལ་ནུབ་ཀྱི་ཕྱོགས་ཞེས་བྱ།། སེམས་ཅན་ཀུན་གྱི་ཉོན་མོངས་ཀུན།། ཡེ་ཤེས་ཆེན་པོ་བདག་མེད་པས།། ཐུག་བསྔལ་རབ་ཏུ་བྱང
243b6 བྱས་ནས།། དེ་ལ་བྱང་གི་ཕྱོགས་ཞེས་བརྗོད།། དེ་ལྟར་མི་ལུས་ཐམས་ཅད་ལ།། ཐུགས་རྗེ་ཤར་དང་སྒྲིབ་པ་ནུབ།། རྣམ་རྟོག་མཚན་ཉིད་བྱུང་གྱུར་ན།། དེ་ཡི་ཡོན་ཏན་ཆེན་པོ་རྫོགས།། དེ་ལྟར་ཆོས་རྣམས་མ་ལུས་ཀུན།། རང་བཞིན་ཉིད་ཀྱི་དབྱངས
243b7 སུ་འདུས།། ཕྱོགས་རྣམས་མེ་ལུས་ཐམས་ཅད་ཀུན།། དེ་བཞིན་ཉིད་དུ་རྣམ་པའི་ཚུལ།། ཕྱོགས་རྣམས་ཀུན་པ་དེ་ལྟར་བལྟ།། མཽ་དག་ཕྱིན་ཅི་ལག་རྣམས་ཀྱིས།། ཕྱོགས་རྣམས་སོ་སོར་བཟང་འགྱུར་ན། རྟག་ཏུ་ཉོན་མོངས་འཁོར་བར་འགྱུར།། དབང་པོ་ལྔ་ནས
iiif viewer powered by OpenSeadragon
243a - 244a