| | e-texts navigator
|
243a1 བསྟན།། བྷ་ཚོགས་ཚོར་བ་འབྱུང་འགྱུར་ཡང་།། ཚེར་དུ་འབྱུང་བ་གཉི་ག་སྟོང་།། སྟོང་ཉིད་དངོས་པོ་ཡོད་མ་ཡིད།། དེ་རྟོགས་ཆོས་ཀྱི་གོ་བགོས་ཡིན།། འདུ་ཤེས་མཚན་ཉིད་བཤད་པ་ནི།། གསུར་ཆགས་མཚན་པར་འཛིན་པ་ཡིན།།
243a2 མཚན་ཉིད་བཤིག་པ་ན།། དངོས་པོ་མེད་དེ་དེ་བཞིན་ཉིད།། དངོས་པོ་དེ་ནི་སྣ་ཚོགས་པ།། བྱ་བྱེད་མེད་པར་ཀུན་དུ་འཇུག། ཁམས་གསུམ་མ་ལུས་ཐམས་ཅད་ལ།། མཚན་མ་ཆེ་ཆུང་བསམ་མི་ཁྱབ།། ཁྱབ་མེད་དངོས་པོ་ཡོད་མ་ཡིན།། དེ་ལྟར་རྟོགས་ན་སངས་རྒྱས་མཚན
243a3 འདུ་བྱེད་མཚན་ཉིད་འདི་ལྟར་གནས།། རྩ་བ་བརྒྱད་པའི་གྲངས་འགྱུར་ཏེ།། ལྔ་བཅུ་རྩ་གཅིག་ཀུན་ལ་འཕོ།། དེར་རྟོགས་རྩ་བ་ཡོད་མ་ཡིན།། མེད་བཞིན་ལོག་གཡོ་རྣམ་པར་འགྱུང།། དེ་ལ་དངོས་པོར་འཛིན་པ་ནི།། རྟག་ཏུ་ཉོན་མོངས་གཡེངས་གྱུར་ནས།། ཁམས་གསུམ
243a4 བཙོན་རེ་ཀུན་དུ་འཁོར།། ཡང་དག་དོན་ཕྱིར་རིག་པས་ནི།། འཕྲོ་བའི་གཞི་རྩ་དེ་བཞིན་དེ།། དེ་ལ་རྣམ་རིག་འབྱུང་བ་ནི།། དངོས་པོ་མེད་དེ་སྐད་ཅིག་མ།། ཡེ་ཤེས་དབྱིངས་ལ་རོལ་པ་མཛད།། སྤྲུལ་པའི་ཚོ་གས་ཆེན་ཡིན་པར་བཤད།། ཀུན་གྱི་འབྱུང་གནས་རྣམ་ཤེས
243a5 ཏེ། དེ་ཡི་དངོས་པོའི་རང་བཞིན་ནི།། ཁ་དོག་དབྱིབས་དང་རིག་རྒྱུན་མིན།། གང་ཡང་མ་ཡིན་ཉིད་མི་དམིགས།། འདི་ནི་ཀུན་ལ་དབང་བསྒྱུར་ཏེ།། མཐོ་རིས་འགྲོའམ་ངནི་སོང་འགྲོ།། རྟོགས་དང་མཏོགས་ཁྱད་པར་རོ།། བཞི་པོ་མཉམ་པའི་རང་ཤེས་ན།། འདི་ནི་ཡེ་ཤེས
243a6 ཆེན་པོ་ཡིན།། ཁ་དོག་ལྔ་ཡི་དམ་ཚིག་ནི།། སེམས་ཅན་མ་ལུས་ཐམས་ཅད་ལ།། ཡེ་ཤེས་ལྔ་ཡིས་ཀུན་ཁྱབ་ཀྱང་།། རང་གི་རྣམ་རྟོག་བསྒྲིབས་བྱས་ཏེ།། ཡེ་ཤེས་ལྔ་ཡི་དོན་མ་མཐོང་།། མ་མཐོང་རྨོངས་པ་ཐམས་ཅད་ལ།། ཡཾ་ཤོས་མཚན་ཉིད་བསྟན་པའི་ཕྱིར།། དག
243a7 དང་དམར་དང་སེར་བ་དང་།། ལྗང་གུ་ལ་སོགས་ནག་པོར་བསྟན།། ཆོས་རྣམས་བདག་མེད་རྟོགས་བྱས་ནས།། བྱང་ཆུབ་སེམས་ཉིད་དག་པའི་ཕྱིར།། ཤིན་ཏུ་མདོག་ནི་དཀར་བསྟན་པ།། དེ་རྟོགས་བྱ་ཕྱིར་དག་པའི་མདོག། ཆོ་རྣམས་མ་ལུས་ཐམས་ཅད་ཀུ་དེ།། @
iiif viewer powered by OpenSeadragon
242b - 243b