e-texts navigator
Collection
Volume
Page
Wylie

242b1 ཀུན་ལ་སྣང་།། དེ་བཞིན་ཕལ་གྱིས་མཉམ་མི་ཤེས།། དེས་ནི་ཞེ་སྡང་ཉིད་དུ་མཐོང་།། ཡང་དག་རྟོགས་པས་རབ་བརྟགས་ན།། ཞེ་སྡང་ཐུགས་རྗེ་ཆེན་པོ་ཡིན།། ག་ཏི་མུག་རྨོངས་པ་ཞེས་བརྗོད་པས།། ཆོས་རྣམས་མ་ལུས་ཐམས་ཅད་ཀུན།། དོན་དམ་དུ་ནི་དབྱེར་མེད་ལ།
242b2 ཀུན་རྫོབ་སྐྱ་མ་མིག་ཡོར་ཚུལ།། སྣང་བ་ཉིད་ན་དངོས་མེད་པས།། དེ་ལ་སུ་ཞིག་བདག་ཏུ་འཛིན།། ཐམས་ཅད་དབྱེར་མེད་མི་དམིགས་པ།། ཤེས་རབ་ཅན་གྱི་གཏི་མུག་ཡིན།། དེ་རྟོགས་དེ་བཞིན་གཤེགས་པའོ།། ང་རྒྱལ་མཚན་ཉིད་བརྗོད་པ་ནི།། མཉམ་པ་ཉིད་ལ་གནས
242b3 བཅས་ནས།། བྱིན་ཅི་ལོག་དང་ཐེག་དམན་ལ།། ཤིན་ཏུ་རྒྱལ་ཆེན་པོར་བྱུང་།། ངབྲལ་ཞིབ་སོ་སོ་མན།། རང་བཞིན་མེད་པས་དབྱིངས་སུ་འདུས།། འདི་ནི་ཡོན་ཏནྟ་འབྱུང་གནས་ཡིན།། དེ་བཞིན་དག་པར་ཤེས་པར་བྱོས།། ཕྲག་དོག་མཚན་ཉིད་རྗོད་པནི།།
242b4 བདག་ཏུ་འཛིན་པ་སྟེ།། འཛིན་ཉིད་དངོས་པོ་ཡོད་མ་ཡིན།། མཉམ་མི་ཤེས་ལ་ཕྲག་དོག་ཅིང་།། ཐམས་ཅད་མཉམ་པ་ཉིད་དུ་འདུས།། མི་མཉམ་པ་ལ་ཤིན་ཏུ་སྡོམ།། དེ་བས་ཕྲག་དོག་ཆེན་པོ་ཡིན།། སྦྱིན་ཅི་ལོག་ཏུ་བདག་ཏུ་བཅིངས།། གཟུང་དང་འཛིན་པས་ཤིན
242b5 དོག། གཟུང་འཛིན་བྲལ་བའི་ཡེ་ཤེས་ནི།། དོག་ཡངས་མེད་དེ་ཐམས་ཅད་མཉམ།། དེ་ཉིད་ཤེས་པས་ལས་རབ་འགྲུབ།། ཕུང་པོ་ལྔ་ཞེས་བྱ་བའི་དམ་ཚིག་ནི། ཕུང་པོ་ལྔ་པོར་སྣང་བ་ཡང་།། ཀུན་རྫོབ་བྱ་བ་སྣ་ཚོགས་བྱེད།། བདེ་བའི་ཡུལ་དང་མི་བདེའི་ཡུལ།
242b6 ས་སོའི་རོ་རྣམས་མོང་བྱེད་ཅིང་།། ལྔ་པོའི་མཚན་ཉིད་བཤིག་བྱས་ནས།། སོ་སོའི་མཚན་ཉིད་དངོས་པོ་མེད།། གང་གིས་དེ་ལ་དངོས་བཟུང་ན།། ངན་སེང་གསུམ་དུ་སྐྱེ་བར་འགྱུར།། དེ་ལ་གཟུགས་ཀྱི་མཚན་ཉིད་ནི། པ་ཉིད་ནི་རང་བཞིན་མེད།། སྡང་མེད་དེ་ཉིད
242b7 ཆོགས་སྦྱིན།། མང་མི་ང་གཉིས་བུ་ད། རབས་རྣམ་པར་བང་བའི་གཟུས།། གཐུབས་ཉིད་ཡོངས་སྤྱོ་རྫོགས་པའི་བྱ།། རྗེར་པ་མབྱ་ད་རྗོད་པའི།། ཀུན་ལརྣམ་གསུམ་བྱུང་བ་ས།། རྗོད་དུ་མི་བ་དི་དང་པོ་མེད།། ག་པ་ཡིད་ལུང་ས




iiif viewer powered by OpenSeadragon

242a - 243a

Texts on this page

Gdg011.5 - gsang ba'i snying po de kho na nyid nges pa