e-texts navigator
Collection
Volume
Page
Wylie

240a1 མཆོད་བྱས་ན།། སངས་རྒྱས་བྱང་ཆུབ་ཟག་མེ་རིང་།། རྡོ་རྗེ་མཆེད་དང་ལྷམ་དྲལ་གྱི་མཚན་ཉིད་བསྟན་པ། རྡོ་རྗེ་རིགས་ཀྱི་སྨན་ཡིན་ཏེ།། ཐོག་མ་མེད་ནས་ལས་མཐུན་པས།། ལྷ་སྤྲོད་མཐུན་པས་འདིར་སྐྱེས་ཏེ།། གཅིག་ལ་གཅིག་ནི་མིག་དང་འདྲ།
240a2 ཤིན་ཏུ་གདུང་ཞིང་བརྩེ་བར་བྱ།། དམ་ཚིག་ངན་སེམས་དཔྱ་བྱས་ན།། དམྱལ་བ་ཆེན་པོར་ལྟུང་བར་འགྱུར།། དེ་བས་དམ་ཚིག་འདའ་མ་བྱེད།། གསང་བའི་དམ་ཚིག་བསྟན་པ་ནི། དེ་བཞིན་གཤེགས་པའི་དཀྱིལ་འཁོར་ནི།། སྲིད་གསུམ་མ་ལུས་ཀུན་ལ་ཁྱབ།། ཕྱིན
240a3 ས་ས་དུ་ས་པ
240a4 གསང་དོན་བསྟན་གྱུར་ན།། རང་བཞིན་གསང་དོན་མི་ཤེས་པར།། འཕྲལ་གྱི་སྤྱོད་ཡུལ་དེ་དག་ལ།། ཤིན་ཏུ་ངེས་པའི་དོན་བཟུང་ནས།། གསང་དོན་དེ་ཉིད་ལོག་པར་ཁྲིད།། མ་ཏོགས་དེ་ཉིད་དམྱལ་བར་འཁོར།། དེ་བས་ཤིན་ཏུ་གསང་བར་བྱ།། ཐུགས་རྗེ་ཆེན
240a5 དང་ལྡན་པས།། ཟར་ལམ་ཀུན་ལ་མཁས་པར་བྱ།། ཤེས་རབ་མཆོག་དང་ལྡན་པས་ན།། སེམས་ཅན་སྣོད་ཀྱི་རིམ་པ་བཞིན།། ཐེག་པ་མཐོང་མན་དོན་ཉིད་ནི།། སོ་སོར་འཚམ་པར་བསྟན་དགོས་སོ།། དང་དུ་བླང་དང་མི་སྤང་བ།། རྣལ་འབྱོར་པས་ནི་རྟག་ཏུ་སྤོང་།། མ
240a6 པ་མེད་པར་གྱུར་པ་དང་།། དངོས་གྲུབ་ཡ་མཚན་ཆེན་པོ་ནི།། དམ་ཚིག་མདོ་བཤད་ནང་ནས་འབྱུང་།། མ་རྟོགས་པ་ཞེས་སྤད་གྱུར་ན།། ཡི་དགས་སྲིན་པོའི་ནང་དུ་སྟེ།། ཡང་ན་མཚིག་འདི་ལྟ་བུར།། ཇི་ལྟར་སྤྱད་ཀྱང་སྡོམ་པ་མེ་འདའ་སྟེ།། བྱེད་སྤྱོད་ཚོགས་ཆེན་གཉིས
240a7 འགྱུར།། འགྲོ་དང་ཉལ་དང་འདུག་པ་ན།། མཉམ་པ་དེ་ཡི་དབྱིངས་ན་གནས།། ཤེས་རབ་མཆོག་གིས་རྟག་ཏུ་གྱིས།། ཆོས་རྣམས་མ་ལུས་ཐམས་ཅད་ལ།། བྱ་ལམ་ནམ་མཁའ་གཅོད་བཞིན་གྱིས།། འཛིན་ཆགས་མ་ལུས་ཐམས་ཅད་ཀུན།། མཁའ་ལ་རླུང་ཆེན




iiif viewer powered by OpenSeadragon

239b - 240b

Texts on this page

Gdg011.5 - gsang ba'i snying po de kho na nyid nges pa