e-texts navigator
Collection
Volume
Page
Wylie

155b1 རྗེགས་དཔའི་རྒྱལ།། ཡུལ་ནི་པདྨ་བདེ་མཆོག་དབྱིངས།། སེམས་ནི་བྱང་ཆུབ་འབྱུང་བའི་གཏེར།། དབང་པོ་ཡུལ་སེམས་ལྡན་གྱུར་ནས།། གསང་བ་མཆོག་གི་འཕྲུལ་ཆེན་སྤྲོ།། དཀྱིལ་འཁོར་རྡུལ་སྙེད་གྲངས་མེད་དང་།། ཕུན་སུམ་ཚོགས་པའི་ལྡན་གྲུབ་རྣམ།།
155b2 གསང་བ་མཆོག་གིས་འབྱིན་པར་བྱེད།། འདི་ནི་རྩེ་གཅིག་ཡིན་པར་གསུངས།། གསང་བའི་དོན་མཆོག་འདྲི་དག་ནི།། ལྟ་བ་དམན་ལ་བཤད་བྱས་ན།། དུས་མིན་པར་ནི་སྒྲོག་ཟད་ནས།། མགོ་འགས་སྙིང་ཡང་ཚིག་པར་འགྱུར།། བབ་ལེན་གྱིས་ནི་ལྕགས་སུ
155b3 ལྟར།། མི་འདོད་བཞིན་དུ་དབང་མེད་པར།། ངན་སོང་མི་ཁོ་མ་བསྐལ་པར་བརྒྱད་པར་འགྱུར།། དེ་བས་འདི་ནི་ཤིན་ཏུ་གསང་བར་བྱ།། ཤེས་རབ་རྒྱ་ཆེན་བློ་ཟབ་ཡངས་པ་ཡིས།། བློ་བརྟན་སྙིང་རྗེ་ཆེ་དང་དད་ལྡན་ངང་ཚུལ་བཟང་ལ་བརྟན།། གཞན་དུ་ནམས་ཀྱང
155b4 སྦྱིན་མ་བྷ་ཞེས་ཉིད་ལ་ཡང་ཉིད་བརྗོད་དོ།། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་ཁམས་ཉི་ཤུ་རྩ་གཅིག་ཏུ་བསྡུས་ནས།། ཐམས་ཅད་མ་ལུས་པར་དབྱིངས་སུ་བཀོད་པའི་ལེའུ་སྟེ་བདུན་པའོ།། ། དེ་ནས་ཡི་གེའི་དཀྱིལ་འཁོར་གྱི་སྨོན་བཀོད་པ
155b5 ལས་སྒྱུ་འཕྲུལ་རྣམ་པར་སྤྲོས་པ་འདི་ཆེད་དུ་བརྗོད་དོ།། རྩ་བ་མེད་པའི་སེམས་ཉིད་ནི།། ཆོས་རྣམས་ཀུན་གྱི་རྩ་བ་ཡིན།། སེམས་ཉིད་ཡི་གེའི་རང་བཞིན་ཏེ།། ཡི་གེ་ཡིད་བཞིན་རིན་ཆེན་སྤྲིན།། སྒྱུ་འཕྲུལ་དཀྱིལ་འཁོར་བཞི་བཅུ་གཉིས།། དྲ་བའི་དཀྱིལ་འཁོར
155b6 མངོན་རྫོགས་པས།། ཕྱོགས་བཅུ་དུས་བཞི་རྫོགས་པ་ཡི།། དཀྱིལ་འཁོར་ཐམས་ཅད་གྲུབ་པར་འགྱུར།། བདུད་རྩིར་འགྱུར་ཞིང་འབྱུང་བ་དང་།། བཞི་བརྒྱ་རྩ་བཞི་ནད་སྤེལ་ཅིང་།། ལོངས་སྤྱོད་འབྱུང་ཞིང་ངན་སོང་སྟོང་།། ཅི་ཡང་གཞན་དུ་འགྱུར་བར་འགྲུས
155b7 ནམ་མཁའ་རྡོ་རྗེ་སྐྲ་འབྱུང་ཞིང་།། འབར་ནས་མི་ཡང་འཆག་པ་དང་།། བྱུར་འགྱུར་འབབ་པའང་དེ་བཞིན་ཏེ།། འཇིག་རྟེན་ཁམས་ནི་གཏང་བ་དང་།། ཐམས་ཅད་སྟོངས་ཤིང་ལྒང་བར་འགྱུར།། དཀྲུག་དང་བཏང་དང་བཟང་དང་དགྲའོ།། གིས་དོང་བསད་ད་།




iiif viewer powered by OpenSeadragon

155a - 156a

Texts on this page

Gdg011.5 - gsang ba'i snying po de kho na nyid nges pa