| | e-texts navigator
|
153b1 གས་ཅན་གང་བར་དགས་ལ་གྱུར་ནས།། བཟླས་ཀྱང་འཕེག་འགྲིབ་མེད་པར་བརྟན།། དེ་ལས་ཅང་ཆགས་གསུལ་འབྲུ་སྨྲན།། ཞིང་བསྡུབ་འདྲང་བབ་ན། འདོན་རྡོཛ་དངས་གྲུབ་།། ན་འཐུང་ལགས་སྔསནན།། ། ཀ་བ་གསང་། ང
153b2 1། ཊ་ཊཌ་ཌྷ་ཎ། ཏ་ཐད་དྷ་ན། པ་ཕབ་བྷ་མོ། ཡ་ཝཱ་ར་ལ། ཤ་ཥ་ས་ཧ། ཀྵཾ། ཨོཾ་ཨཱཾ། ཨུ་ཨཱ། ཨཱ་ཨེ། ཨོཾ་མོ།། འདི་དག་ཕྱུང་བས་འཇིག་རྟེན་དྲུག་གི་ཕྱོགས་བེ་རྗེ་མཐའ་ཡས་པ་རྣམ་པ་དྲུག་ཏུ་གཡོས།། རབ་ཏུ་གཡོས་ཀུན་དུ་གཡོས་ནས་ཆོས་ཐམ
153b3 ཅད་མིང་གི་མཚན་ཉིད་དུ་གྱུར་ཏེ།། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཆེད་དུ་བརྗོད་པ་འདི་བརྗོད་དོ།། ཨ་ནི་སྟོང་དང་མི་སྟོང་གི།། དབུ་མ་དམིགས་སུ་ཡོད་མ་ཡིན།། ཐམས་ཅད་མིང་ཙམ་སངས་རྒྱས་ཀུན།། ཡི་གེ་ཕྲེང་བ་ཉིད་ལ་གནས།། ཨ་ཉིད་སྣ
153b4 ཚོགས་པར་སྣང་བའི།། ཀ་ལ་སོགས་པ་བཞི་བཅུ་གཉིས།། སྒྲ་ཡི་མིང་གིས་ཐམས་ཅད་བསྡུས།། མངོན་རྫོགས་རྒྱལ་པོར་དེ་ཉིད་ངེས།། ཨོཾ་མདོ་ངོ་མཚར་ཡ་མཚོན་གྱི།། འཕྲུལ་ཆེན་བཞི་བཅུ་རྩ་ལྔའི་མིང་།། ཚིག་རྣམས་མ་ལུསྟ་འཛིན་པའི་གནས།།
153b5 ཚོགས་དོན་ཀུན་སླ་ཞིང་སྟོན།། དངོས་མེད་ཡི་གེ་རང་བཞིན་སྙེམས།། བདག་མེད་མཐའ་བྲལ་མི་དམིགས་ཀྱང་།། དབྱིབས་དང་ཁ་དོག་མིང་ཚོགས་ཀྱིས།། རོལ་པ་ཅིང་ཡང་སྤྲུལ་ཅིང་སྟོན།། ཕྱོགས་བཅུ་དུས་བཞི་གཤེགས་པ་ཡི།། ཡེ་ཤེས་སེམས་དཔ
153b6 སྐུ་གསུང་ཐུགས།། དཀྱིལ་འཁོར་བཞི་བཅུ་རྩ་ལྔ་ཉིད།། ཡི་གེ་མགོ་ནས་ཀྵ་ལ་རྫོགས།། སེམས་ནི་རང་བཞིན་ཡི་གེ་སྟེ།། ཡི་གེ་དངོས་པོ་ཡོད་མ་ཡིན།། དམིགས་མེད་དེ་ཉིད་སྣ་ཚོགས་པའི།། སྐུ་གསུང་ཐུགས་ཀྱི་འཁོར་ལོ་ཆེ།། སྐུ་གསུང་ཐུགས་ནི་ངོ་མཚར
153b7 ཡ་མཚན་འཕྲུལ་ཆེན་རབ་འགུགས་པ།། དབྱངས་ལ་དབྱིངས་ཀྱིས་བྲིས་པ་སྟེ།། ཡི་གེ་ཞེས་ནི་དེ་ཕྱིར་བརྗོད།། མགོ་ནི་མནོར་ལམ་ཡིན་ཏེ།། ཚིག་ནི་ཤེས་རབ་མིང་དུ་སྤྲས།། ཤད་ནི་ཐབས་ཆེན་ཚིགས་སུ་གཅོད།། ཨ་ནི་སྐྱེ་མེད་དེ་བཞིན་ཉིད།། ཛ་ནི་སྒྱུ་འཕྲུལ
iiif viewer powered by OpenSeadragon
153a - 154a